གཟི་རྩ་སྡེ་དགུ་རྫོང་གིས་གྲོང་སྡོད་རོགས་སྐྱོར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལ་ཞིང་ཆེན་དང་ཁུལ་གྱིས་བདེ་བླག་ངང་དཔྱད་ཞིབ་ཞིབ་བཤེར་ཐུབ་པ་འགན་ལེན་བྱ་ཆེད། ཉིན་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་བཀོད་སྒྲིག་ཞིབ་ཚགས་དང་དྲིལ་སྒྲོག་ལ་ཁྲིད་སྟོན། ལས་འགན་དབྱེ་ཞིབ། དམིགས་འབེན་དོན་འཁྱོལ་སོགས་ཀྱི་ཐད་ལ་དམ་པོར་དམིགས་ཏེ་གོམ་གང་མདུན་སྤོས་སྒོས་གྲོང་སྡོད་རོགས་སྐྱོར་ལས་དོན་འགན་འཁྲི་སྔར་ལས་ནན་དུ་ཁུར།

ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་འགན་འཁྲི་དོན་འཁྱོལ་དང་དམ་འཛིན་ལ་ཤུགས་བསྣན་པ་དང་། ལས་ཀའི་དམིགས་འབེན་ལ་དམིགས་པ། རྫོང་དང་ཡུལ་ཚོ། གྲོང་སྡེ་བཅས་རིམ་གསུམ་མཉམ་འགུལ་ངང་འགན་འཁྲི་ཏན་ཏིག་གིས་འཁུར་བ། ནུས་ཤུགས་ཡོད་རྒུས་སྤྱི་འདོམས་མཉམ་འགུལ་ལ་དམ་འཛིན་བྱེད་པ་དང་། དམིགས་འབེན་ཨང་དང་པོར་འཛིན་པ་དང་ཕན་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། རྫོང་ཡོངས་ཀྱི་གོང་འོག་མཐུན་སྦྱོར་མཉམ་འགུལ་བྱས་ནས་རོགས་སྐྱོར་ལས་དོན་དོན་དངོས་སུ་སྤེལ་བ། ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་དང་དག་ཐེར་དོན་འཁྱོལ་དམ་འཛིན་དང་། ཆེད་དོན་ཞིབ་བཤེར། འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས། གནད་དོན་ཚང་མ་ཕྱོགས་ཡོངས་ནས་མེད་པར་བཟོས།

ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་ལས་སྟེགས་བརྒྱུད་དེ་རོགས་སྐྱོར་སྟོབས་ཤུགས་ཀྱི་ལས་ཀའི་ནང་དོན་དྲན་སྐུལ་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་ཀའི་འཕེལ་རིམ་གནས་ཚུལ་ཐད་ལ་དུས་ཐོག་ཏུ་ལན་བཏབ་པ་དང་། 《2019ལོའི་ལོ་འཁོར་གྱི་གཅིག་ལྔའི་རོགས་སྐྱོར་དཔྱད་ཞིབ་སྐར་གྲངས་རེའུ་མིག》སློབ་སྦྱོང་དང་རྩ་འཛུགས་བྱས་པ་དང་། རྩ་འཛུགས་ཀྱི་འཚོ་བ་དང་མང་ཚོགས་ཀྱི་ཚོགས་ཆེན། གྲོང་སྡེའི་སྒྲོག་འགྲེལ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་ངོས་འཛིན་ཐུབ་ཚད་མཐོ་རུ་བཏང་སྟེ་གྲོང་སྡེའི་གཙང་སྦྲ་དང་ཁོར་ཡུག་ཇེ་ལེགས་སུ་བཏང་།

དུས་མཚུངས་སུ། གཟི་རྩ་སྡེ་དགུ་རྫོང་གིས་སྒྲིག་བཤེར་ཨུ་དང་ལྟ་སྐུལ་ཨུ། རྫོང་ཨུའི་དམིགས་འབེན་སྐུལ་འདེད་གཞུང་ལས་ཁང་། རྫོང་ཨུའི་རྩ་འཛུགས་པུའུ་སོགས་ཀྱི་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་བཙུགས་ཏེ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་དང་གནད་དོན་གྱི་གསལ་ཐོ་17བསྡུས། རྫོང་དེའི་དབུལ་བྲལ་གནད་སྒྲོལ་གྱི་རོགས་སྐྱོར་སྟོབས་ཤུགས་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གིས་ཞིང་ཆེན་ཞིབ་བཤེར་བྱ་ཡུལ་གྱི་དཔྱད་ཞིབ་ལམ་སྲོལ་ལ་ཞིབ་བསྡུར་བྱས་ཏེ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་གྲོང་སྡེའི་དབུལ་བོ་48ལ་ཞིབ་བཤེར་བྱས་པ་དང་འཐུས་སྒོ་ཚང་བའི་གྲོས་མགོ་50ལྷག་བཏོན་ཞིང་། ལས་རིགས་ཁག་གི་སྣེ་ཁྲིད་སྡེ་ཚན་གྱིས་གནད་དོན་

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།