འདི་འདྲའི་སྒྲོག་འགྲེལ་བྱེད་སྟངས་ནི་མང་ཚོགས་དང་ཉེ་བཅར་བྱས་པ་ཞིག་རེད།

2019122309322734368.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་སྐབས་ཀྱི་ཁམས་པའི་མཐོ་སྒང་དུ་གྲང་ངར་ཧ་ཅང་ཆེ་རུང་དཀར་མཛེས་རྫོང་ཚྭ་རྩྭ་ཡུལ་ཤོག་གི་སྒོ་རའི་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དྲོད་རླངས་ཀྱིས་ཁེངས་བཞིན་འདུག

ང་ཚོའི་གྲོང་སྡེ་ཧྲིལ་པོ་འཕེལ་རྒྱས་ཡོང་བ་འདི་ལམ་ལུགས་ཀྱི་འགན་ལེན་དང་བྲལ་ཐབས་མེད་ཅིང་། ཞིང་སྡེའི་སྤྱི་ཚོགས་བརྟན་བརླིང་ཡོང་དགོས་ན་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པ་དང་བྲལ་ཐབས་མེད་པ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལམ་ལུགས་ཇུས་འགོད་ཀྱི་ཆ་ནས་ཀྲུང་གོ་བཅོས་སྐྱོང་བྱེད་ཐབས་བཏོན་ཡོད་པས། ཕྱིན་ཆད་ང་ཚོས་ཇི་ལྟར་བྱས་ནས་རང་ཉིད་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད་ལ་གདིང་ཤུགས་ཡོད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ་དེ་བས་གསལ་པོ་རེད་ཅེས་སྒྲོག་འགྲེལ་པ་བློ་བཟང་རྒྱ་མཚན་གྱིས་གྲོང་སྡེ་བཅོས་སྐྱོང་བྱེད་པའི་སྐོར་གླེང་སྐབས་དེ་ལྟར་བཤད་པ་རེད། སྒྲོག་འགྲེལ་བྱ་ཡུལ་དུ་བློ་བཟང་རྒྱ་མཚན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་མངོན་གསལ་གྱི་དགེ་མཚན་བཅུ་གསུམ་དང་། སྤྱི་ཡོངས་ཀྱི་དམིགས་ཡུལ་གཅིག རྒྱུན་འཁྱོངས་དང་འཐུས་ཚང་གཏང་རྒྱུ་བཅུ་གསུམ་སོགས་གནད་འགག་ཆེ་བའི་ཐ་སྙད་ལུང་དྲངས་ཏེ་སེམས་སུ་འཇོག་བདེ་ལ་གོ་སླ་བའི་ཁ་སྐད་ཀྱི་ཐོག་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་རེད།

དགེ་རྒན་གྱིས་སྒྲོག་འགྲེལ་བྱས་པའི་ནང་དོན་དེ་དག་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བས་ང་ཚོ་ཚང་མས་གསལ་པོ་གོ་ཐུབ་ཅིང་། གུང་ཁྲན་ཏང་མེད་ན་སྲིད་ཇུས་བཟང་པོ་འདི་འདྲ་ཡོད་སྲིད་རྒྱུ་མ་རེད་ཅེས་བཤད་ཆོག་པ་རེད། སྔོན་མར་ང་ཚོའི་སྡོད་ཁང་རྙིང་ཧྲུལ་དང་འཚོ་བ་ཧ་ཅང་སྡུག་པོ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་སྡོད་ཁང་ཡག་པོར་སྡོད་ཐུབ་པས་མ་ཚད། ཡུལ་ཤོག་གིས་སྒྲིག་འཛུགས་བྱས་ནས་ལུས་རྩལ་སྦྱོང་བརྡར་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོད་ཕྱིར། ང་རང་གི་ཡོང་འབབ་ལོ་རེ་ལས་ལོ་རེ་ཇེ་མང་དུ་ཕྱིན་ནས་དབུལ་ཐར་འབྱོར་འབྲིང་དུ་སྐྱོད་པའི་ལམ་ཐག་ཇེ་ཉེར་ཕྱིན་པ་རེད་ཅེས་ཡུལ་ཤོག་དེའི་མང་ཚོགས་དབུལ་ཕོངས་དགེ་དཔལ་གྱིས་སྒྲོག་འགྲེལ་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་ཡོད་པའི་ངང་ནས་དེ་ལྟར་བཤད་པ་རེད།

རྫོང་དེའི་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་བ་ནས་བཟུང་། རྫོང་དེས་རྒྱུན་མཐུད་དུ་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་དང་། རྫོང་ཨུའི་ལྟེ་གནས་སློབ་སྦྱོང་ཚོ་ཆུང་གི་རྒྱས་འཛོམས་གྲོས་ཚོགས། རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་སོགས་བརྒྱུད་ནས་རིམ་པ་སོ་སོར་ཁྱོན་ཡོངས་ནས་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པའི་དུས་མཚུངས་སུ། སྒྲོག་འགྲེལ་ཚོགས་པ་ས་ཆ་རེར་སླེབས་དུས་གོ་བདེ་ཤེས་སླ་བའི་ཁ་སྐད་ཐོག་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པའི་ཐབས་ཤེས་སྤྱད་ནས། ཞིང་འབྲོག་མང་ཚོགས་དང་། དགོན་སྡེ་སོ་སོའི་གྲྭ་བཙུན། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་སོགས་ལ་ཐུན་མོང་དུ་སྒྲོག་འགྲེལ་བྱས་པ་རེད།

ངོ་སྤྲོད་བྱས་པར་ལྟར་ན། མིག་སྔའི་བར་དུ་ཚྭ་རྩྭ་དང་། ཟླ་སྟོད། འཁྱག་ལུང་། སྲིབ་ངོ་། རི་འགོ་སོགས་ཡུལ་ཤོག་དང་གྲོང་རྡལ18ཀྱི་གྲོང་སྡེ156དང་དགོན་ཁག26ལ་སྒྲོག་འགྲེལ་ཐེངས125བྱས་ནས་གྲྭ་བཙུན་མང་ཚོགས་ཀྱི་མིའི་ཐེངས་གྲངས་ཁྲི2.56ལ་ཁེབས་ཡོད། སྒྲོག་འགྲེལ་བྱེད་སྒོ་དེ་ད་དུང་རྒྱུན་མཐུད་དུ་རྫོང་དེའི་གཞན་པའི་ཡུལ་ཤོག(གྲོང་རྡལ)དང་གྲོང་སྡེར་སྤེལ་རྒྱུ་ཡིན་པར་བརྟེན། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ219དང་སྡེ་ཁུལ4ཡི་ཡུལ་མིའི་ཨུ་ལྷན་གྱི་མང་ཚོགས་ལ་ཁེབས་ཐུབ་པ་དང་། རྫོང་ཡོངས་ཀྱི་གྲོང་སྡེ་དང་དགོན་ཁག་གཅིག་ཀྱང་མ་ལུས་པ། གྲོང་སྡེ་དང་དགོན་ཁག་ཡོངས་ཀྱི་མང་ཚོགས་བརྒྱ་ཆ90ཡན་གྱི་མང་ཚོགས་དང་གྲྭ་བཙུན་ཞུགས་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།