ཟླ1ནས11བར་དཀར་མཛེས་ཁུལ་གྱིས་གཙོ་གནད་རྣམ་གྲངས76ལ་མ་དངུལ་སྒོར་དུང་ཕྱུར197.77བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་རྔ་བ་ཁུལ་གྱིས་གཙོ་གནད་རྣམ་གྲངས76བཀོད་སྒྲིག་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར2349.91བཏང་བ་དང་། ལོ་ཧྲིལ་བོར་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་199.9བཏང་བ་རེད། ཟླ1ནས11པའི་བར་གཙོ་གནད་རྣམ་གྲངས76ལས་འགོ་བཙུགས་ནས་རྣམ་གྲངས10ལེགས་གྲུབ་ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་197.77ལེགས་འགྲུབ་བྱུང་། ལོ་ཧྲིལ་བོའི་མ་འཇོག་ལེགས་གྲུབ་བྱུང་ཚད98.93%སླེབས་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མུ་མཐུད་དུ་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས52ཚང་མ་ལས་ཀ་སླར་གསོ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར168.2བཏང་ཡོད་ལ། ལོ་ཧྲིལ་བོའི་མ་དངུལ་གྱི101.83%ལེགས་འགྲུབ་བྱུང་ཡོད། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས24ལས་འགོ་བཙུགས་པ་དང་། ལས་འགོ་འཛུགས་ཚད95.83%ལ་སླེབས་ནས་མ་དངུལ་སྒོར་དུང་ཕྱུར29.57བཏང་ཡོད། དེའི་ནང་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེ་གྲས36ལས་འགོ་བཙུགས་ནས། མ་དངུལ་སྒོར་དུང་ཕྱུར134.41བཏང་བ་དང་། ལོ་ཧྲིལ་བོའི་མ་དངུལ་གྱི106.55%ལེགས་འགྲུབ་བྱུང་ཡོད། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན30ཚང་མ་ལས་འགོ་བཙུགས་ཏེ། མ་དངུལ་སྒོར་དུང་ཕྱུར53.78བཏང་བ་དང་། ལོ་འཁོར་གྱི་མ་འཇོག་ལེགས་གྲུབ་བྱུང་ཚད85.68%ལ་སླེབས་ཡོད། དམངས་འཚོ་གལ་ཆེན་དང་སྤྱི་ཚོགས་བྱ་གཞག་གི་རྣམ་གྲངས7ཚང་མ་ལས་འགོ་བཙུགས་ཏེ། མ་དངུལ་སྒོར་དུང་ཕྱུར4.35བཏང་ཡོད་པ་དང་། ལོ་ཧྲིལ་བོའི་མ་དངུལ་གྱི87.5%ལེགས་འགྲུབ་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་རྣམ་གྲངས་གལ་ཆེན3ཚང་མ་ལས་འགོ་བརྩམས་ཤིང་། མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར5.23ལེགས་གྲུབ་བྱུང་བ་དང་། ལོ་ཧྲིལ་བོའི་མ་དངུལ་གྱི86.97%ལེགས་འགྲུབ་བྱུང་ཡོད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།