ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་འདུན་ཞབས་ཞུའི་རུ་ཁག་གིས་ཁྲོ་ཆུ་རྫོང་འདྲི་ཏོ་ཡུལ་ཚོའི་དབོ་ཧྭོ་གྲོང་སྡེར་2019ལོའི་རིག་གནས་གཞི་རིམ་དུ་སྐྱེལ་བ་ཞེས་པའི་དམངས་ཕན་བྱེད་སྒོ་སྤེལ། རྫོང་ཡོངས་སུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པའི་མཐོ་རླབས་སློང་བ་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཁྲོ་ཆུ་རྫོང་གིས་ཁག་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོ་དང་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པ། གནད་འཁེལ་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀ་སོགས་སྤེལ་བ་དང་སྦྲེལ་ནས། རྫོང་ཡོངས་སུ་སྒྲོག་པ་ལྔ་དང་སྐྱེལ་བ་དྲུག་གི་བྱེད་སྒོ་སྤེལ། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་དྲིལ་སྒྲོག་རུ་ཁག་དང་འོས་འགན་སྨན་བཅོས་རུ་ཁག ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་རུ་ཁག མང་ཚོགས་རང་འདུན་ཞབས་ཞུའི་རུ་ཁག་སོགས་རུ་ཁག་དྲུག་བཙུགས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཅུ་བདུན་དུ་རང་འདུན་ཞབས་ཞུའི་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རང་འདུན་ཞབས་ཞུའི་རུ་ཁག་གིས་དབོ་ཧྭོ་སྡེ་བར་དམངས་ཕན་བྱེད་སྒོ་སྤེལ།