དཀར་མཛེས་རྫོང་གིས་དཀའ་ངལ་ལྡན་པའི་དབང་བོ་སྐྱོན་ཅན་ལ་འཚམས་འདྲི་བྱས།

1.jpg

དབང་བོ་སྐྱོན་ཅན་ལ་བལ་གདན་སྟེར་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ 12པའི་ཚེས16ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གེ་སེར་རྒྱལ་པོའི་གྲོང་དུ“བྱམས་སེམས་འབུལ་བ་དང་དྲོད་སྐྱིད་སྦྱིན་པ”ཞེས་པའི་གནམ་ལོ་གསར་བར་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། དབང་བོ་སྐྱོན་ཅན1000ལྷག་ཙམ་ལ་བལ་གདན1000བྱིན་པ་རེད། 

བྱ་འགུལ་ཁྲོད་དཀར་མཛེས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་གོ་སླ་ཞིང་འཚོ་བ་དང་མཐུན་པའི་གྱོད་དཔེ་དབྱེ་ཞིབ་བརྒྱུད་དེ། དབང་བོ་སྐྱོན་ཅན་གྱི་ལུས་གསོ་དང་། སློབ་གསོ། ལས་ཞུགས། རིག་གནས། ལུས་རྩལ། དབང་སྲུང་སོགས་ཐད་ཀྱི་ཤེས་བྱ་ཞིབ་ཕྲའི་ངང་དྲིལ་བསྒྲགས་བྱས་ནས་དུས་རབས་གསར་བའི་ནང་དབང་བོ་སྐྱོན་ཅན་གྱིས་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་མ་བཏང་བ་རེད།

 དེ་རྗེས་ལས་དོན་མི་སྣས་དབང་བོ་སྐྱོན་ཅན་ལ་འཚམས་འདྲིའི་དངོས་པོ་རེ་རེ་བཞིན་སྤྲད་པ་དང་ཆབས་ཅིག་ཏུ་དྲིལ་བསྒྲགས་ཡིག་ཆ1500ལྷག་ཙམ་ཡང་སྤྲད།

2.jpg

དབང་བོ་སྐྱོན་ཅན་ཆེད་དུ་གྲ་སྒྲིག་བྱས་པའི་བལ་གདན། 

ཤེས་རྟོགས་བྱུང་བར་གཞིགས་ན་དཀར་མཛེས་རྫོང་གི་ཁོངས་གཏོགས་ཁུལ་དུ་དཀའ་ངལ་ལྡན་པའི་དབང་བོ་སྐྱོན་ཅན1000ལྷག་ཙམ་ཡོད་ལ། དེ་དག་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ནང་དུ་ཞུགས་པའི་ཕྱིར་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་སྟེང་གི་བྱམས་ལྡན་མི་སྣར་སྐུལ་སློང་མཛད་དེ། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་འཚོ་བར་དོ་ཁུར་བྱེད་པ་དང་། ཁོང་ཚོས་སྤོབས་པ་བསྐྱེད་ནས་དཀའ་ངལ་དང་ཁ་གཏད་དེ་རང་འགུལ་གྱིས་ལས་ཞུགས་བྱེད་པའི་ཐད་སྐུལ་འདེད་བྱས། 

མ་འོངས་པར་དཀར་མཛེས་རྫོང་གིས་དུས་ཡུན་རིང་བོར་བྱ་འགུལ་དེ་རིགས་སྤེལ་ནས་དབང་བོ་སྐྱོན་ཅན་དེ་བས་མང་བོར་རྫོང་ཨུ་དང་རྫོང་སྲིད་གཞུང་། ཡང་ན་སྤྱི་ཚོགས་སྟེང་གི་མི་སྣའི་བྱམས་སེམས་ཚོར་ཐུབ་པ་བྱ་རྒྱུ་རེད། 

3.jpg

བྱ་འགུལ་ཡུལ་དངོས། 

དཀར་མཛེས་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣའི་ངོ་སྤྲོད་ལྟར།  ད་ལོ་ནས་བཟུང་དཀར་མཛེས་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་དབུལ་ཐར་མཁྲེག་གཏོར་དང་མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པ་དམིགས་ཡུལ་དུ་བཟུང་སྟེ། དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུ་དང་། ལས་གཏོད་ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་བྱ་བ་བཅས་གཙོ་བོར་བཟུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད།

 དཀར་མཛེས་རྫོང་གིས་ལོ་ཧྲིལ་བོར་རིགས་སོ་སོའི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་ཐེངས9སྤེལ་བ་དང་། རིགས་སོ་སོའི་དམངས་ཕན་ཁ་གསབ་མ་དངུལ་སྒོར་ཁྲི111.7སྤྲད་པ་དང་དེ་དབང་བོ་སྐྱོན་ཅན་མི་ཐེངས2253ལ་ཁྱབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།