དཀར་མཛེས་ཁུལ་ཨུས་ཚོགས་འདུ་འཚོགས་ནས་དབུལ་ཐར་འགག་སྒྲོལ་དང་དམངས་འཚོའི་ལས་ཀར་ཆེད་དོན་ཞིབ་འཇུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས11ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་སྐྱོང་གནང་ནས་ཚོགས་འདུ་འཚོགས་ཏེ་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ཇུས་དང་སློབ་གསོ། འཕྲོད་བསྟེན། ལས་ཞུགས་སོགས་དམངས་འཚོའི་ལས་ཀར་ཆེད་དོན་ཞིབ་འཇུག་བྱེད་པར་མ་ཟད་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱིས་ལས་ཀ་བསྒྲུབས་ཚུལ་གྱི་སྙན་སེང་ཞུས་པ་དང་སང་ལོའི་ལས་ཀ་བཀོད་སྒྲིག་བྱེད་སྟངས་ལ་ཉན་འཇོག་བྱས་པ་རེད།

ལིའུ་ཁྲེང་མིང་གིས་བསྟན་དོན།གཅིག་ནི་སྤུས་ཚད་མཐོ་བའི་དབུལ་ཐར་འགག་སྒྲོལ་ལ་དམིགས་ནས་གནད་དུ་སྨིན་པ་བྱས་ཏེ་རིགས་སྣ་ཚོགས་ཀྱི་ཞིབ་བཤེར་དང་ཞིབ་བཤེར་རྩིས་ལེན་ལ་ཕྱིར་མིག་བལྟ་རྒྱུ་དང་རོགས་རམ་ལས་ཀའི་གཙོ་གནད་དུ་བཞག་དགོས། གཉིས་ནི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ། མི་འདང་སར་ཁ་གསབ་བྱ་རྒྱུར་དམིགས་ནས་དབུལ་ཐར་ལས་ཀ་ཡག་པོ་བསྒྲུབ་དགོས། གསུམ་ནི་གྲུབ་འབྲས་སྲ་བརྟན་བཏང་ནས་ཡང་བསྐྱར་དབུལ་ཕོངས་གྱུར་པར་འགོག་ཟོན་བྱ་རྒྱུར་དམིགས་ནས། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གསོ་སྦྱོང་སོགས་ཀྱི་ཐད་སླར་ཡང་ཤུགས་སྣོན་བརྒྱག་དགོས། བཞི་ནི་ཡུལ་ཤོག་དང་གྲོང་སྡེ་དར་རྒྱས་སྦྲེལ་མཐུད་བྱ་རྒྱུར་དམིགས་ནས་ཡུལ་ཤོག་དང་གྲོང་སྡེ་དར་རྒྱས་བཏང་ནས་ཡུལ་ཤོག་དང་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ཡོང་བ་བྱ་དགོས། ལྔ་ནི་བློ་གྲོས་དང་ངར་ཤུགས་ལྷན་དུ་བསྐྱང་རྒྱུར་དམིགས་ནས་ནང་གནས་སྒུལ་ཤུགས་ངར་སློང་བྱས་པ་དང་ཆབས་ཅིག དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་མཚོན་གྱི་སྣེ་ཁྲིད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་དྲིན་གཟོ་དང་རྒྱལ་གཅེས། ཁྲིམས་སྲུང་། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་དགོས། དྲུག་ནི་བལྟོས་བཅས་ཀྱི་དབུལ་ཕོངས་ལ་དམིགས་ནས་ལས་གཞིའི་འཆར་འགོད་ཡག་པོ་བཟོས་ཏེ་དམངས་འཚོའི་དོན་དངོས་གཅིག་གྱུར་གྱིས་ལག་བསྟར་ཡག་པོ་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།