སི་ཁྲོན་ལི་ཐང་དུ་ལྭ་བ་གསར་པ་སྤྲད་དེ་མཐའ་མཚམས་ལུང་ཁུག་ས་ཁུལ་གྱི་སློབ་མའི་ལུས་སེམས་དྲོ་བར་བྱས།

F201912141208545226700842.jpg

འདི་ནི་སློབ་མ་ཚོས་ལྭ་བ་གསར་པ་གྱོན་རྗེས་ངོ་གདོང་ལས་བདེ་སྐྱིད་དང་སྤྲོ་སྣང་གི་འཛུམ་མདངས་འཕྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས12ཉིན། མཐོ་གྲང་འབྲོག་ཁུལ་དུ་གནས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་གྲང་ངར་ཤིན་ཏུ་ཆེ་བ་དང་། སྡེ་ཚོགས་རྫོང་ཨུད་ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་ལུང་ཁུག་གི་མོ་ལ་སྟོད་ཤང་སློབ་ཆུང་དུ“མཉམ་དུ་ལྟ་བར་འགྲོ”ཞེས་པའི་སྤྱི་ཕན་རྣམ་གྲངས་ཀྱི་གཅེས་སེམས་ལྭ་བ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

F201912141209108236700843.jpg

འདི་ནི་ཉིན་དེར་མཐའ་མཚམས་ལུང་ཁུག་ས་ཁུལ་སློབ་ཆུང་གི་བོད་རིགས་སློབ་མས་ལྭ་བ་གསར་པ་གྱོན་རྗེས་ཧ་ཅང་དགའ་པོ་བྱུང་བ།    

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།