2019ལོའི་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས་12ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔར་སི་ཁྲོན་ཞིང་ཆེན་གྱིས2019ལོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་འགན་ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་དང་ཁུལ10ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་དོན་ལྟ་ཞིབ་བྱས་པ་དང་། དེའི་རིང་ཁྱོན་དཔྱད་ཡིག14341ཀློག་བཤེར་བྱས་པ་དང་། གནད་དོན387ལ་ལྐོག་བཤེར་ལྐོག་འདྲི་བྱས་པ་དང་། གནད་དོན754ལ་ཡུལ་དངོས་ཞིབ་དཔྱད་དང་ཞིབ་བཤེར་བྱས། མང་ཚོགས་ཀྱིས་འཕྲིན་ཡིག་བསྐུར་ནས་ཐེར་འདོན་བྱས་པའི་གྱོད་གཞི1112བདག་སྤྲོད་བྱས་ལ། དཔེ་མཚོན་གྱོད་གཞི10ཡོངས་བསྒྲགས་དམར་འདོན་བྱས། འགན་འཁྲི་བདའ་འདེད་ཀྱི་ཁུངས་སྣེ10རྩད་གཅོད་བྱས་པ་རེད།

ད་ཐེངས་ཀྱི་ཆེད་དོན་ལྟ་ཞིབ་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་མཁའ་དབུགས་དང་། ཆུའི་ཁོར་ཡུག་གི་སྤུས་ཚད་ལ་འགྱུར་ལྡོག་བྱུང་བའི་ས་གནས་ལྟ་ཞིབ་བྱ་ཡུལ་དུ་བརྩི་བ་དང་། འབྲི་ཆུའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དང་། ལྟ་ཞིབ་དག་ཐེར་གྱི་གནད་དོན་སྣ་ཚོགས། དེ་བཞིན་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་སོགས་གནད་འགག་ལྟ་ཞིབ་ཀྱི་ནང་དོན་དུ་བརྩི་བ། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དང12345དང12369མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་དེ་ལྟ་ཞིབ་ཀྱི་གཙོ་གནད་དུ་བཟུང་བ་རེད། གཞན་ཡང་ད་ཐེངས་ཀྱི་ཆེད་དོན་ལྟ་ཞིབ་ཀྱིས་སྲུང་སྐར་ས་བཀྲ་དང་། མི་མེད་གནམ་གྲུ། ཞིབ་དཔྱད་ཚད་ལེན་ཚོད་རྫས་སོགས་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པས་གནད་དུ་འཁེལ་བའི་སྒོ་ནས་གནད་དོན་གཏན་འཁེལ་དང་། འཚོལ་ཞིབ་བྱས་ནས་ལྟ་ཞིབ་ཀྱི་མཐོང་རྒྱ་སྔར་བས་ཆེ་རུ་དང་ཁྲིམས་འགལ་བྱ་སྤྱོད་ནག་ཉེས་ཐར་ས་མེད་པ་བཟོས་པ་རེད།

དོ་སྣང་བྱེད་དགོས་པ་ཞིག་ནི་ནན་ཏན་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ད་ཐེངས་ཀྱི་ཆེད་དོན་ལྟ་ཞིབ་དཔྱད་གཞིའི་གསལ་ཐོ་ཁག26ནས་ཁག་7བར་གནད་བསྡུས་བྱས་པ་དང་། གློག་རྡུལ་དཔྱད་གཞི་མཁོ་འདོན་གཙོ་བོར་བྱས་ཏེ། ཤོག་བུའི་དཔྱད་ཡིག་གྲངས་འབོར་60%ཡན་ཉུང་དུ་ཕྱིན་པ། ལྟ་ཞིབ་བྱེད་པའི་སྐབས་ལྟ་ཞིབ་ཚོགས་ཆུང་གིས་ལྐོག་བཤེར་ལྐོག་འདྲི་བྱ་རྒྱུ་གཙོ་བོར་བྱས་པའི་ཞིབ་བཤེར་བྱེད་རོགས་མི་གྲངས་ཉུང་དུ་བཏང་བས་གཞི་རིམ་གྱི་ཁུར་པོ་ཅུང་ཡང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།