དགུན་དུས་ཀྱི་སི་ཁྲོན་རྔ་བ།

1.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

2.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

3.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

4.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

5.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

6.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

8.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

9.jpg

དགུན་དུས་ཀྱི་སི་ཁྲོན་རྔ་བའི་མཛེས་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་སླེབས་རྗེས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་གི་གནམ་གཤིས་ཇེ་འཁྱགས་སུ་ཕྱིན་ནས་ས་ཆ་མང་ཤས་ལ་ཁ་བ་བབས་པ་རེད། ཟླ12པའི་ཚེས11ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྩྭ་ཐང་ཆེན་པོ་ནས་འབར་ཁམས་ཀྱི་སོ་མང་གྲོག་རོང་ཆེན་མོའི་ལམ་བར་གྱི་འཁྱག་རོམ་དང་། གངས་རི། དར་འཁྱགས་ཡོད་པའི་རྦབ་ཆུ་སོགས་པར་བླངས་པ་དེས་མི་རྣམས་ཀྱི་མིག་དབང་འཕྲོག་པར་གྱུར།

 རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3500ལ་ཟིན་པའི་ཧོང་ཡོན་རྩྭ་ཐང་ཆེན་མོའི་གསེར་མདོག་གི་རྩྭ་ཐང་དུ་ལྷུང་ལྷུང་གི་ཆུ་ངོས་སུ་ཁངས་དང་དར་སྲབ་མོ་ཆགས་ཡོད་པ་དེ་ནི་ནོར་ཁྱུ་དང་འདྲེས་ནས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གྲུབ་ལ། རྒྱང་རིང་གི་རི་ཚོགས་ཀྱིས་དངུལ་མདོག་གི་ལྭ་བ་གྱོན་ཞིང་། ཁ་བའི་མེ་ཏོག་བཞད་པ་དང་འདྲ་བས་མི་རྣམས་ལ་ཁ་དབུགས་ཤིན་ཏུ་གཙང་བའི་རྣམ་པ་ཞིག་བསྐྲུན།

རྩྭ་ཐང་ཆེན་མོ་བརྒལ་ནས་མར་བབ་ན་རི་མཐོའི་གྲོག་རོང་དུ་སླེབས་པ་དང་། གྲོག་རོང་དུའང་རི་བོ་དང་ནགས་ཚལ་བཅས་ག་ས་གང་དུ་ཁ་བས་གཡོགས་པས་ཁོར་ཡུག་ནི་དར་གོས་ཀྱིས་གཡོགས་པ་ལྟར་མཛེས་སྡུག་ལྡན་པ་ཞིག་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།