སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་སྙན་ཞུའི་ཚོགས་འདུ་རྔ་བར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་གི་བྱས་རྗེས་སྐོར་སྙན་ཞུའི་ཚོགས་འདུ་ཝའེ་ཀྲོའུ་མི་རིགས་དགེ་འོས་སློབ་གྲྭར་འཚོགས། སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མི་སྣ་འཆི་མེད་རྡོ་རྗེ་དང་། སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྱི་ལས་བཀུར་དང་ལེགས་སྐྱེས་འབུལ་བའི་དཔེ་བཟང་མི་སྣ་ལེའང་ཧྥེ། སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྱི་གཞུང་དྲང་གི་དཔེ་བཟང་མི་སྣ་ཀྲང་ཆའོ་ཡིས་སྐོར་སྐྱོད་སྙན་ཞུ་གནང་བ་དང་། ཏང་ཡོན་དང་ལས་བྱེད་པ། མང་ཚོགས།  སློབ་མ་བཅས་ཀྱི་སྐུ་ཚབ་པ་400ལྷག་གིས་ཁོང་ཚོའི་མི་སེམས་འགུལ་པའི་གཏམ་རྒྱུད་ལ་ཉན། 

སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཆི་མེད་རྡོ་རྗེས་ལོ་ངོ་30རིང་ཉིན་གཅིག་ལྟར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡི་གངས་རི་བརྒྱུད་དེ་ལང་ཚོ་དང་རྔུལ་ཆུས་བོད་ཁུལ་གྱི་མང་ཚོགས་ཚོར་སྦྲག་ཐོ་བསྐྱལ་ནས་བོད་ཁུལ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཡིད་སྨོན་མངོན་འགྱུར་བྱས། ལིའང་ཧྥེ་ཡིས་བཟོ་རྩལ་ཐད་ཀྱི་དཀའ་གནད་10ལྷག་གཏོར་ནས། ཤང་ཀང་གི་ཧོན་ཆིའུ་ཚོང་དོན་ཐང་ཆེན་དང་ཧྲེན་ཀྲེན་གྱི་ཕིང་ཨན་ཁང་ཆེན་སོགས་ཀྱི་འཛུགས་སྐྲུན་མང་བོའི་ནང་ཞུགས་མྱོང་ལ་ཁོང་གི་དཔུང་བའི་ཐོག་གི་རྨ་ཤུལ་གྱིས་གཏམ་རྒྱུད་འདི་དག་ཤེས་ཐུབ། ལོ་23་ནས་བཟུང་ཅང་ཡིའུ་དབྱི་ཤིན་རྒན་གསོ་ཁང་གི་ཡོན་ཀྲང་གི་འགན་འཁུར་བའི་བུད་མེད་སློབ་ཆེན་སློབ་མ་ཀྲང་ཆའོ་ཡིས་ལོ་ངོ་བརྒྱད་རིང་འབད་པ་བྱས་ནས་རྒན་རྒོན་ཚོར་དྲོད་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། ཀུན་སྤྱོད་དཔེ་བཟང་པ་ཚོས་བབ་ཆགས་ཀྱི་སྐད་ཆ་དང་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེའི་ལྟད་མོ་བ་ཚང་མར་ཤུགས་རྐྱེན་ཟབ་མོ་ཐེབས།

སྙན་ཞུའི་ཚོགས་འདུ་འཚོགས་རྗེས་ལྟད་མོ་བ་ཚོས་ཀུན་སྤྱོད་དཔེ་བཟང་མིག་དཔེར་བྱས་ཏེ་བླ་ན་མེད་པའི་ཀུན་སྤྱོད་ལག་ལེན་པ་དང་། ཤེས་དཔལ་དར་སྲོལ་སྲུང་སྐྱོང་པ། མཛེས་སྡུག་གི་འཚོ་བ་སྐྲུན་མཁན་དུ་གྱུར་བར་འབད་པ་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་དེ་ལྟར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།