“དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པར་མཉམ་དུ་རོལ”ཅེས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་སི་ཁྲོན་ཁྲེང་ཏུའུ་རུ་སྤེལ་བ།

W020191205414580267700.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡུན་ཏོན་ཐེན་ཕུའུ་རོལ་དབྱངས་ཚོམས་ཆེན་དུ་དགུན་དུས་བོད་ དུ་ཡུལ་སྐོར་བྱེད་པའི“རྩེར་སོན་མཚན་མོའི”གླུ་གཞས་བཏང་སྟེ། 2019ལོའི་“དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པར་མཉམ་དུ་རོལ”ཅེས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ལས་ཁྲེང་ཏུའུ་ས་ཚིགས་ཀྱི་བྱེད་སྒོ་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་བོད་ཀྱི་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་བྱེད་སྒོར་ཞུགས་ཡོད་པ་རེད། ད་ཐེངས་ཀྱི་བོད་ཀྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོས་“ཡུལ་སྐོར་དང་རིག་གནས་འཁྲབ་སྟོན། ཚོང་ཟོག་འགྲེམས་ཚོང”བཅས་ཀྱི་མཉམ་འདུས་བྱེད་སྟངས་ལ་བརྟེན་ནས། ཕྱོགས་གང་མང་དང་རིམ་པ་མང་པོའི་སྒོ་ནས་བོད་ཀྱི་ཡུལ་སྐོར་འགྲེམས་སྟོན་གནང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རེས་ཐེངས་གསུམ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་ཁྲོམ་རའི་སྐུལ་འདེད་ལས་དོན་གྱི་བཀོད་སྒྲིག་མུ་མཐུད་དོན་འཁྱོལ་ཡོང་བར་གཞིགས་ནས། རེས་ཐེངས་གསུམ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པར་མཉམ་དུ་རོལ”ཅེས་པའི་བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད་དེ། 2020ལོའི་ཟླ་3ཚེས་15ཉིན་བར་དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་ཚོས་དེ་བས་གཟིགས་སྐྱོང་ཆེ་བའི་རིན་གོང་ཐོག་ནས་བོད་ལྗོངས་གསར་པར་ཡུལ་སྐོར་བྱེད་ཆོག་པ་དང་། སྤུས་ཀ་ལེགས་ཤིང་རིན་ཐང་ཚད་ལྡན་གྱི་ཡུལ་སྐོར་མྱོང་རོལ་ལོངས་སྤྱོད་བྱེད་པ་དང་། སྔར་ལས་མང་བའི་བོད་ལྗོངས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་གནང་ཆོག་པ་རེད།

ད་ཐེངས་ཀྱི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་བྱེད་སྒོའི་ནང་དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། ཕོ་བྲང་པོ་ཏ་ལ་སོགས་ལྗོངས་ཡོངས་ཀྱི་རྒྱལ་གཉེར་3Aརིམ་པ(3Aརིམ་པ་འདུས་པ)ཡན་གྱི་མཛེས་ལྗོངས་ཁུལ་ལ་རིན་མེད་ངང་ཡུལ་སྐོར་བྱེད་པ་དང་། རྒྱལ་གཉེར་3Aརིམ་པ་མན་ཆད་དང་རྒྱལ་གཉེར་མིན་པའིAརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་ནི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་རྨང་གཞིའི་ཐོག་ཕྱེད་ཀ་ཉུང་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་སྐར་གསུམ་རིམ་པ(སྐར་གསུམ་འདུས་པ)ཡན་གྱི་སྐར་མ་རིམ་པའི་མགྲོན་ཁང་(གསོལ་མགྲོན་ཁང་)དང་རྒྱལ་སྤྱིའི་སྤུས་རྟགས་དང་དེ་བཞིན་སྤུས་ལེགས་ཨར་ཁང་གི་ཁང་པའི་རིན་གོང་དེ་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་ལས་མཐོ་བ་མེད་པའི་50%ལྟར་ལག་བསྟར་བྱེད་རྒྱུ་ཡིན་ལ། ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ཀྱིས་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་རིན་གོང་ལས་མཐོ་བ་མེད་པའི་50%ལ་གཞིགས་ནས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་པ། མཁའ་འགྲུལ་ཀུང་སི་ཁག་གིས་ཡུལ་སྐོར་བ་ཉུང་བའི་དུས་སུ་ཆ་སྙོམས་ཕབ་ཆ་50%ལས་མི་དམའ་བ་བྱས་ཏེ་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་མཁའ་འགྲུལ་ཀུང་སིའི་དབར་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཞན་ཡང་། ཡུལ་སྐོར་བྱེད་འགན་གཙང་ལེན་དང་ཆེད་གཏོང་མེ་འཁོར་གྱི་རྣམ་པ་བརྒྱུད་ཡུལ་སྐོར་བ་བོད་ལྗོངས་སུ་ཡུལ་སྐོར་འགྲོ་བར་རྩ་འཛུགས་བྱེད་མཁན་ཁེ་ལས་ལ་བྱ་དགའ་སྤྲོད་རྒྱུ་དང་། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གིས་ཚོགས་པ་བཙུགས་ནས་རིམ་རྩིས་བྱས་ན་ཡུལ་སྐོར་བ་1000(1000ཚུད་པ།)ཡན་ལ་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་དང་། ཡུལ་སྐོར་བ་མི100(100ཚུད་པ)རེ་འཕར་ན་བྱ་དགའ་སྒོར་ཁྲི་5ཁ་སྣོན་རྒྱག་རྒྱུ་དང་། ཡུལ་སྐོར་ལས་དོན་ཁང་རེར་རིམ་རྩིས་བྱས་ན་བྱ་དགའི་དངུལ་གྲངས་སྒོར་ཁྲི་80ལས་མི་བརྒལ་བ་སྤྲོད་རྒྱུ་ཡིན་པ་བཅས་སོ།

“དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པར་མཉམ་དུ་རོལ”ཅེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་སྤུས་ལེགས་ཀྱི་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་དགུན་དུས་ཡུལ་སྐོར་རོལ་མྱོང་གིས་ཀུན་གྱི་ཡིད་དབང་འཕྲོག་པར་བྱས་པ་དང་། 《བཀྲ་ཤིས་ཞོལ་པ》《ནོར་གནག་ཞབས་བྲོ》《བཀྲ་ཤིས་ཞབས་བྲོ》སོགས་བོད་ཀྱི་ཁྱད་ལྡན་འཁྲབ་ཚན་ནང་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་པ་རེད། འོས་སྦྱོར་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཡུལ་སྐོར་ཁེ་ལས་དང་ཞེ་ཁྲེང་ཚོགས་པས་ཞེ་ཁྲེང་བོད་ལྗོངས་ཡུལ་སྐོར་གོ་དོན་ཚོང་ཁང་གིས་མཉམ་ལས་ལ་འདོད་མཐུན་བྱུང་ཡོད། དེ་དང་ཆབས་ཅིག་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི“གནམ་གྲུ་གླས་ནས་ཡུལ་སྐོར་བྱེད་པའི”འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཁེ་ལས་ཀྱིས་བོད་ལྗོངས་མཁའ་འགྲུལ་དང་ཡུལ་སྐོར་གྱི་འགྲིམ་འགྲུལ་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།

“དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པར་མཉམ་དུ་རོལ”ཅེས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོའི་ཁྲེང་ཏུའུ་ས་ཚིགས་ནི་ཧོ་པེ་ལང་ཧྥང་གི་རྗེས་སུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་ཡུལ་སྐོར་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་ཞིག་ཡིན་ཞིང་། སི་ཁྲོན་ཞིང་ཆེན་དང་དེ་བཞིན་མཐའ་འཁོར་ཞིང་ཆེན་གྱི་ཡུལ་སྐོར་ཚོང་པ་དང་སྨྱན་སྦྱོར་ལ་བོད་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱས་ཏེ། “སའི་གོ་ལའི་སྣེ་གསུམ་པ”དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་མཚན་སྙན་ཆེ་རུ་བཏང་ནས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཡག་པོ་དང་མྱུར་པོ་འགྲོ་རྒྱུར་རམ་འདེགས་གནང་པའོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།