དགུན་དུས་སུ་གཞུང་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གནམ་གཤིས་ཇེ་གྲང་དུ་སོང་ནས་ཉིན་འགའི་རིང་ཁ་བ་བབས་པའི་དབང་གིས་འཛམ་ཐང་རྫོང་ཁོངས་ཀྱི་གཞུང་ལམ་ལམ་ངོས་སུ་ཁ་བས་གཡོགས་པ་དང་དར་ཆགས་ཡོད། མང་ཚོགས་བྱིངས་ཀྱི་འགྲོ་འོང་བདེ་འཇགས་འགན་ལེན་བྱ་ཆེད། འཛམ་ཐང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བདེ་འཇགས་ངང་ཤར་གཏོང་ལས་དོན་ཧུར་ཐག་གིས་བསྒྲུབས།

ཁ་བ་བབས་པའི་ཉིན་དེ་དག་ལ་འཛམ་ཐང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གཞུང་ལམ་ཤར་གཏོང་དེ་ནི་ཉེན་རྟོག་པའི་ལས་དོན་གལ་ཆེན་དུ་བརྩིས་ནས། བཀོད་སྒྲིག་ཞིབ་ཚགས་དང་གཞུང་ལམ་ཤར་གཏོང་གི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཉེན་ཁ་ཡོད་པའི་ལམ་མཚམས་སུ་ཉེན་རྟོག་པས་ཁྲིད་སྟོན་བྱེད་པ་དང་། གཞུང་ལམ་གཟར་ས་དང་དར་ཆགས་ཡོད་པས། འཁོར་བགེགས་འབྱུང་སླ་བ་སོགས་ཀྱི་གཞུང་ལམ་དུ་སྐོར་སྐྱོད་ཞིབ་བཤེར་བྱེད་ནུས་ཆེ་རུ་བཏང་སྟེ། འགྲིམ་འགྲུལ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་དང་མང་ཚོགས་རྒྱུན་ལྡན་ངང་འགྲོ་འོང་ཐུབ་པར་འགན་ལེན་བྱས་སོ།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།