དབུལ་ཐར་འགག་སྒྲོལ་གྱི་ཆུ་རྒྱུན་དམངས་ཕན་ཞིང་སར་དྲངས།

201912021112464180.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསེར་ཐར་རྫོང་གིས་སྐྱེ་ཁམས་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུ་གཙོ་གནད་དུ་བཟུང་ནས། 2019ལོའི་སྤྱི་ཟླ7པའི་ཚེས12 ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་གསུང་བཤད་ཀྱི་སྙིང་ དོན་ལག་ལེན་དོན་འཁྱོལ་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རང་ངོས་ཀྱི་ལེགས་ཆ་ སྔོག་འདོན་བྱས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ཡོང་བར་འགན་སྲུང་བྱས་པ་རེད། སི་ཁྲོན་དཀར་མཛེས་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་གནང་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགན་སྲུང་ཡག་པོ་བྱས་ཡོད། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲིང་མིང་གིས་ཐེངས་མང་པོར་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ ལག་བསྟར་གཏིང་ཟབ་གནང་ནས་རི་ཐོག་སྡོང་ཕྲུ་བཙུགས་པ་དང་ལམ་འགྲམ་དུ་མེ་ཏོག་འདེབས་པ། ཆུ་བོ་མཚོ་རུ་བསྒྱུར་བའི་ལས་གྲྭར་སྐུལ་སྤེལ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་མཛུབ་སྟོན་གནང་བ་རེད། གསེར་ཐར་རྫོང་གིས་སྐྱེ་ཁམས་བསམ་བློ་ལག་བསྟར་དང་སྐྱེ་ཁམས་ལེགས་བཅོས། མང་ཚོགས་དབུལ་ཐར་སོགས་ལས་གྲྭ་གཙོ་བོ་གཉིས་དང་སྦྲེལ་ཏེ་ གཙང་བོ་དང་ཤིང་སྡོང་། རྩྭ་ཐང་། སྲོག་ཆགས་བཅས་མཐོང་ཐུབ་པའི་དམིགས་ཡུལ་མངོན་འགྱུར་ཡོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ)183གྱི་ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ ཡོང་འབབ་ནི་ཆེས་མཐའ་མཇུག་ཡིན་ལ། གོམ་སྟབས་གཅིག་གི་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་ཡོང་སྒོ་ཨང་དང་པོ་རུ་སླེབས་པར་གྱུར།

2019120211132397663.jpg

ལྗང་མདོག་གི་གསེར་ཐར་རྩྭ་ཐང་སྔར་ལས་མཛེས་པར་གྱུར།

གསེར་ཐར་རྫོང་ནི་དཀར་མཛེས་ཁུལ་གྱི་ཤར་བྱང་གི་ས་མཚམས་སུ་ཆགས་ཡོད་ལ། སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་བྱེད་ནུས་ཞན་པའི་རྫོང་གྲས་ཤིག་ཡིན། མཚོ་བོད་མཐོ་སྒང་གི་གྲང་ལྷགས་ཆེ་བའི་ས་ཁུལ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཁུངས་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་གསོ་སྐྱོང་ས་ཁུལ་ཡང་ཡིན་པ་རེད། རྫོང་མཁར་གྱི་མཚོ་འཕགས་སྨི3893ཡིན་པ་དང་།རྫོང་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི4127ཡིན་པ་རེད། དེ་ཡང་མཚོ་འཕགས་མཐོ་ཤོས་ཀྱི་མཐོ་སྒང་གི་རྣམ་པ་ཅན་གྱི་གནམ་གཤིས་ཡིན་ལ། དགུན་དུས་རིང་ཞིང་དབྱར་དུས་ཐུང་བས། གནམ་གཤིས་དེར་འཕྲོད་པའི་སྐྱེ་དངོས་ལྟོས་བཅས་ཀྱིས་ཉུང་བ་རེད། ཨ་བྲས་གནོད་འཚེ་དང་རྩྭ་ས་བྱེ་འགྱུར་གྱི་སྣང་ཚུལ་ཉིན་བཞིན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། སྐྱེ་ཁམས་ཀྱི་གནད་དོན་དེས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་བཀག་ཆེན་པོ་བཟོས་པ་རེད།

གསེར་ཐར་རྫོང་གིས་དཀར་མཛེས་ཁུལ་ཨུས་བཏོན་པའི་བྱང་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དང་བརྩོན་པས་རྗེས་སྙེག་བྱེད་པའི་རེ་འདུན་དང་ཟུང་དུ་སྦྲེལ་ནས་ནུས་ཤུགས་ཡོད་དགུས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱུང་ཡོད། གསེར་ཐར་རྫོང་གིས《ཁྲོན་ནུབ་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་གཞི》ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་གཙོ་བོ་དག་ལ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐབས་ཇུས་དེ་ཐབས་ཇུས་ཆེན་མོ་བདུན་གྱི་གྲས་སུ་བཞག་ནས་ལག་བསྟར་སྐུལ་སྤེལ་གནང་བ་རེད།

རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དཀའ་སྤྱད་སྡུག་རུས་བྱས་པར་བརྒྱུད། ནགས་ལས་ཆེད་མཁས་གདན་དྲངས་ནས་གསེར་ཐར་གྱི་གནས་ཚུལ་དང་འཚམས་པའི་ལྗང་བསྒྱུར་ཐབས་ཇུས་གཏན་འབེབས་གནང་ཞིང་། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་གསེར་ཐར་གྱི་སྐྱེ་ཁམས་གནས་སྟངས་བསྐྱར་གསོ་ཡོང་བར་བྱས་ཤིང་། ཞིང་ཆེན་རྩྭ་ས་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་ལམ་ལུགས་གཏན་འབེབས་དང་། ཚན་རྩལ་གྱི་གསར་བརྗེའི་སྟོབས་ཤུགས་དང་ཚན་རིག་ཞིབ་འཇུག་གི་འབྲས་བུ་བརྒྱུད་གསེར་ཐར་གྱི་སྐྱེ་ཁམས་ཞན་འགྱུར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གནང་། ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཞན་འགྱུར་གནས་སྟངས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་དང་།རླུང་འགོག་ནགས་ཚལ་མ་ལག་ཅན་དང་རྩྭ་ཆུ་ཟུང་སྦྲེལ་སྣ་མང་ཅན། སྐྱེ་ཁམས་བཅོས་སྐྱོང་ཐོན་ལས་ཅན། བྱེ་འགྱུར་གནོད་འཚེ་ཚོད་འཛིན་ཅན་བྱེད་པ་བཅས་དང་ཟུང་འབྲེལ་བྱས་པའི་ཐབས་ལམ་བརྒྱུད་ནས་སྐྱེ་ཁམས་ཞན་འགྱུར་གྱི་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། ཚད་གཞི་མཐོན་པོ་དང་ཐད་ཀར་བེད་སྤྱོད་ཆོག་པའི་རྩ་དོན་བཀོལ་ནས་ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཞན་འགྱུར་གྱི་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དཔེ་སྟོན་ཡོང་བར་བྱས་ཡོད།

གསེར་ཐར་ནི་རི་ཐོག་སྡོང་འཛུགས་དང་ལམ་འགྲམ་མེ་ཏོག་འདེབས། ཆུ་བོ་མཚེའུ་ལ་བསྒྱུར་བའི་ལས་གྲྭ་སྐུལ་སྤེལ་གཏིང་ཟབ་བྱ་ཡུལ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར5.5བཏང་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལས་ཀ་གཉེར་བ་དང་། རྩྭ་ས་མུའུ་ཁྲི74.65གསུམ་བསྒྱུར་བཅོས་སྐྱོང་ལས་ཀ་ལག་བསྟར་དང་རི་ནུར་ས་ཁོངས་རྒྱ་ཁྱོན་མུའུ10000ལྷག་ལ་སྡོང་འཛུགས་ནགས་སྐྲུན་བྱས། རྒྱ་ཁྱོན་མུའུ12300ལྷག་གི་ས་ཆ་རུ་གསོམ་ཤིང་དང་ལྕང་མ། གླང་མ་སོགས་སྡོང་བོ་ཁྲི144འདེབས་འཛུགས་བྱས། ཕྱུགས་བཀག་རྩྭ་གསོའི་ས་ཆ་མུའུ་ཁྲི627དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ས་ཆ་མུའུ་ཁྲི603ལྷག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི7753.5བཏང་ནས་རྒོད་རྒན་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་དང་། རྒྱ་ཁྱོན་མུའུ7345ཅན་གྱི་མིས་བཟོས་གསར་བསྐྲུན་དང་རྩྭ་ས་བྱེ་འགྱུར། ཨ་བྲའི་གནོད་འཚེ་ཅན་སོགས་སྐྱེ་ཁམས་ཉམས་རྒུད་ཚོད་འཛིན་ནུས་ལྡན་ཐུབ་ཡོད།

201912021113477013.jpg

གསེར་ཐར་ནི་གསེར་གྱི་གཏེར་ཁའི་ཐོན་ཁུངས་ཡོད་ས་ཞིག་ཡིན་ལ། གསེར་ཐར་ཞེས་པ་ནི་གསེར་རྒོད་མ་འདྲ་ཞིག་གནས་དེར་ཡོད་པའི་ངག་རྒྱུན་དང་འབྲེལ་བ་ཡོད། འདས་ཟིན་པའི་གསེར་ཐར་ནི་གཏེར་ཁའི་ཐོན་ལས་ཀྱི་ནགས་གཅོད་ཤིང་གཏུབ་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཡོད། ཡིན་ནའང་ད་ལྟའི་གསེར་ཐར་ནི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་བ་ཞིག་ཏུ་བགྲོད་ཀྱིན་ཡོད་པས། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་གཏུབ་གཏན་འགོག་བྱེད་ཀྱིན་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་གྱིས་འབོད་སྐུལ་བཏང་རྗེས། གསེར་ཐར་རྫོང་གིས་ཞིང་ཆེན་ཏང་ཨུས་བཏོན་པའི་ནགས་ཚལ་དང་རྩྭ་ཐང་། རླན་སའི་སྐྱེ་ཁམས་འགན་སྲུང་བཅས་འཛུགས་སྐྲུན་གཞི་གཅིག་ཅན་གྱི་འགན་སྲུང་ཐོབ་པ་ཁ་ཕྱོགས་སུ་བཟུང་ནས། སྟོབས་ཤུགས་ཡོད་དགུ་བཏོན་ནས་རྩྭ་ཐང་གི་རླན་སའི་སྐྱེ་ཁམས་འགན་སྲུང་ཅན་གྱི་གཙོ་གནད་རྫོང་འཛུགས་སྐྲུན་བྱེད་པ་དང་། གསེར་ཐར་རྫོང་གྲོང་གི་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། གསེར་ཐར་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ཡོད་པ་རེད།

གཟུགས་མེད་ཤུལ་བཞག་རིག་གནས་ཀྱིས་གསེར་ཐར་རིག་གནས་ལ་དེ་བས་གསོན་ཤུགས་བསྩལ།

གསེར་ཐར་ལ་སེམས་ཀྱི་གནས་མལ་ལྟ་བུའི་གསེར་མདོག་གི་རྩྭ་ཐང་ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། ཁྲོན་ནུབ་མཐོ་སྒང་གི་མུ་ཏིག་ལྟ་བུའི་རྒྱན་ཆ་རུ་གྱུར་ནས་ཡོད། རྒྱལ་ཁབ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་ཆོལ་ཁ་དང་ཀྲུང་གོའི་གེ་སར་ཟློས་གར་གྱི་ཆོལ་ཁ་ཞེས་པའི་ཆོ་ལོ་གནང་བ་དང་། གླིང་རྗེ་གེ་སར་གྱི་རྗེས་ཤུལ་གནས་འདིའི་ཡུལ་གྲུ་གང་སར་ཁྱབ་ནས་ཡོད་པས་མི་རྣམས་ཀྱིས་གླིང་རྗེ་གེ་སར་གྱི་རྗེས་རབས་པ—དབལ་ཤུལ་གསེར་ཐར་ཞེས་པའི་འབོད་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ནས་ཡོད།

ལོ་རྒྱུས་ཀྱི་རླབས་རྒྱུན་རིང་མོའི་ཁྲོད་དུ། མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་འདི་ནི་ཆུ་ཕྲན་བརྒྱ་འདུས་ཀྱི་རྒྱ་མཚོ་བཞིན་ཁམས་པའི་རིག་གནས་དང་ཨ་མདོའི་རིག་གནས། རྒྱལ་རོང་རིག་གནས་ཀྱི་ཉིང་བཅུད་གཅིག་ཏུ་འདུས་པའི་ཡུལ་གྲུ་ཞིག་ཏུ་གྱུར་ནས་ཡོད་ལ། ཁོང་ཚོའི་ཤེས་རབ་དང་དཀའ་ཐུབ། འབྲོག་པའི་རིག་གནས་དང་སྡེ་བའི་རིག་གནས་ཀྱི་རྨང་གཞིའི་སྟེང་། གེ་སར་རིག་གནས་དང་གེ་སར་ཟློས་གར། རྡོ་བརྐོས་དང་ཐང་ག སྒྲུང་བ་དང་གཏེར་སྟོན། བཟོ་བསྐྲུན་སོགས་མ་ལག་ཅན་གྱི་རིག་གནས་ཀྱི་ཐོན་རྫས་མང་ཞིང་། གེ་སར་རིག་གནས་ཀྱི་བརྒྱུད་འཛིན་དང་སྲུང་སྐྱོང་།དར་སྤེལ་བཅས་བྱེད་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་ཡོད། གསེར་ཐར་ནི་གེ་སར་རིག་གནས་ཀྱི་ནང་དོན་ཞིབ་ཆ་ཤེས་མཁན་གྱི་མི་སྣ་ཆེས་མང་བ། ཞིབ་འཇུག་གི་གྲུབ་འབྲས་ཆེས་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་རྨང་གཞི་ཆེས་བཟང་བའི་རྫོང་གྲས་ཤིག་ཡིན་པ་རེད།

ད་ལྟའི་བར་དུ། གསེར་ཐར་དུ་གེ་སར་ཟློས་གར་དང་གེ་སར་རྡོ་བརྐོས་ཚོན་རིས། བོད་ཀྱི་འཁལ་འཐག་ལག་ཤེས་སོགས་ལ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྣམ་གྲངས་བཞི་དང་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་བཅུ་གཉིས་ཡོད་ལ། རྫོང་ཡོངས་སུ་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ44 ཟློས་གར་རིག་གནས་ཀྱི་གསོ་སྐྱོང་མི་སྣ28 རྡོ་བརྐོས་ཚོན་རིས་མི་སྣ54དང་འཁལ་འཐག་ལག་ཤེས་པ200ལྷག་ཡོད། གཟུགས་མེད་ཤུལ་བཞག་རིག་གནས་བརྒྱུད་འཛིན་པ་སྤྲུལ་ཐེག་ལོ་ལགས་ཀྱིས་སྣེ་ཁྲིད་དེ་གེ་སར་ཟློས་གར་ཚོགས་པ། སི་ཁྲོན་དང་མཚོ་སྔོན། ཀན་སུའུ་དང་བོད་ལྗོངས་བཅས་སུ་འཁྲབ་སྟོན་བྱས་པས་མ་ཚད་ཕྱི་རྒྱལ་གྱི་པའོ་ལན་དང་ཉི་ཧོང་། ཨ་རི་སོགས་སུ་འཁྲབ་སྟོན་དུ་ཕྱིན་ནས་སྤྱི་ཚོགས་ཀྱི་དགའ་བསུ་དང་ཤན་ཤུགས་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་འདི་དག་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་ཡོང་ཆེད། གསེར་ཐར་རྫོང་གིས་གཟུགས་མེད་ཤུལ་བཞག་རིག་གནས་དང་མང་ཚོགས་རིག་གནས་ཟུང་འབྲེལ་བྱས་ཏེ། གཟུགས་མེད་ཤུལ་བཞག་རིག་གནས་སློབ་གྲྭའི་ནང་སྤེལ་ནས་རྫོང་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་གེ་སར་ཟློས་གར་དང་གླིང་སྒྲུང་སྒྱུ་རྩལ། སྒྲ་སྙན་དཀྲོལ་ལེན་སོགས་ཀྱི་དགའ་ཕྱོགས་སློབ་ཁྲིད་བཀོད་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་རེད།

    གསེར་ཐར་གྱིས་གཟུགས་མེད་ཤུལ་བཞག་རིག་གནས་ལ་གསོན་ཤུགས་སྩོལ་ཆེད། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་དབུལ་སྐྱོར་དང་ཤེས་རབ་ཀྱི་རོགས་སྐྱོར་བརྒྱུད། རིག་གནས་ཀྱི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་རུ་བསྒྱུར་བ་དང་། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས། ད་ལོའི་ཟླ་བ5པར་དངོས་སུ་གར་སྟེགས་སུ་འགྲེམ་སྤེལ་གནང་། བོད་ལུགས་ཐང་ག་དང་གེ་སར་རྡོ་བརྐོས་ཚོན་རིས། གསེར་ཐར་་ཟློས་གར་དང་ཨ་མདོའི་རྒྱན་གོས་སོགས་གསེར་ཐར་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྨང་གཞི་བྱས་ཏེ། རྒྱུད་འཛིན་དང་གསོན་ཤུགས། གསར་གཏོད་ཀྱི་ལམ་ནས་ཇུས་འགོད་བྱས་པའི་རྒྱན་གོས་དག་གར་སྟེགས་སུ་འགྲེམས་སྟོན་གནང་བ་དང་། ཐོན་རྫས་མང་དག་ཅིག་ད་ལོའི་ལོ་མཇུག་དངོས་སུ་ཁྲོམ་ར་ལ་བཀྲམ་རྩིས་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།