གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་ཡུལ་སྐོར་བར་སྒོ་ཕྱེས་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུའུ་ཡིས་《གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཁག་གཅིག་གི་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་(ཚོད་སྤྱོད)ཁ་གསབ་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་ཁོངས་ཀྱི་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ཚོད་ལྟའི་འཁོར་སྐྱོད་གནས་ཚུལ་ལ་གཞིགས་ནས་མཛེས་ལྗོངས་ཁུལ་ཉིན་དེ་ནས་བཟུང་ཡུལ་སྐོར་པར་སྒོ་འབྱེད་འགོ་ཚུགས་པ་རེད། ཡུལ་སྐོར་བའི་བདེ་འཇགས་དང་ཡུལ་སྐོར་རོལ་མྱོང་བྱེད་ཐུབ་པར་འགན་ལེན་བྱ་ཆེད། དེ་སྔའི་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ཡུལ་སྐོར་བའི་ཐེག་ཚད་ཆེ་ཤོས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་སྒོ་དབྱེའི་ས་ཁོངས་ཀྱི་ཉིན་རེའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཆེ་ཤོས་ནི་མི་ཐེངས་ཁྲི་2ལ་སླེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་སྒོ་འཛིན་ལག་བསྟར་བྱེད་ཀྱི་ཡོད་པ་དང་། འཛིན་བྱང་གི་རིན་གོང་མི་རེར་སྒོར80དང་། རླངས་འཁོར་རེར་སྒོར80དང་འཛིན་བྱང་དྲ་ཐོག་ནས་དངོས་མིང་འགོད་པའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། མཛེས་ལྗོངས་ཁུལ་ཡུལ་དངོས་སུ་འཛིན་བྱང་ཉོ་བའི་སྒེའུ་ཁུང་བཙུགས་མེད་པས། ཡུལ་སྐོར་བ་ཚང་མ་ངེས་པར་དུ་སི་ཁྲོན་རྔ་པའི་ཡུལ་སྐོར་དྲ་ཚིགས་སུ་འཛུལ་དགོས། (དྲ་ཚིགས།:www.abatour.com)རབས་གཉིས་པའི་ཐོབ་ཐང་ལག་འཁྱེར་རམ་ཁྱིམ་ཐོ་དང་ལམ་ཡིག་སོགས་ཐོབ་ཐང་ཆ་འཕྲིན་ཕབ་འཇུག་བྱས་ན་སྔོན་བཀོད་བྱེད་ཐུབ། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པར་མཛེས་ལྗོངས་ཁུལ་གྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོ་དགོས།

དེ་དང་ཆབས་ཅིག་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་དུས་བཀག་དུས་མཚམས་ཀྱི་ས་ཁོངས་སྒོ་ཕྱེ་ནས་ཉིན་རེར་ཆུ་ཚོད་8:30ནས་17:00བར་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་ཡིན། སྒོ་དབྱེའི་ས་ཁོངས་ནི་འབྲི་རུ་འགག་གི་འབྲི་རུ་དགོན་དང་། ཧྲུའུ་ཀྲིན་འགག(ཧའོ་ཧྭ་མཚོ་ཕུད་པའི)རི་རྩེ་འགག(ནོར་རི་གླིང་ནས་ཝུའུ་ཧྭ་རྒྱ་མཚོའི་བར་གྱི་མཛེས་ལྗོངས་ཁུལ)ཙི་ཁྲ་ཝ་འགག་བཅས་ཡིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།