《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ་འཚོགས་པ།

1575161384785151.jpg

   འདི་ནི་ 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་དེབ་གསར་འགྲེམ་སྤེལ་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་(པོད1-118ཀྱི་བདག་ཉིད་ཅན་)དེབ་གསར་འགྲེམ་སྤེལ་ཚོགས་འདུ་ཁྲེང་ཏུའུ་གྲོང་ཁྱེར་དུས་རབས་གྲོང་ཁྱེར་ཚོགས་འདུ་འགྲེམ་སྤེལ་ལྟེ་གནས་སུ་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་། གསར་འགྱུར་དཔེ་སྐྲུན་ཅུའུ། སི་ཁྲོན་དཔེ་སྐྲུན་ཚོགས་པའི་འབྲེལ་ཡོད་འགན་འཁུར་པ། ལས་གཞིའི་རྣམ་གྲངས་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས། གླིང་སྒྲུང་རིག་པའི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་བཅས་ཁྱོན་མི་གྲངས200ལྷག་ཙམ་འགྲེམ་སྤེལ་ཚོགས་འདུར་ཞུགས་ཡོད་པ་རེད། དཔེ་ཚོགས་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཇུས་འགོད་བྱས་ཏེ་མ་དངུལ་བཏང་བ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་སྲུང་སྐྱོབ་རྩོམ་སྒྲིག་ཁང་དང་སྡེ་དགེ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡིས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པ་རེད།

1575161398196357.jpg

    འདི་ནི་འཇམ་དཔལ་རྒྱ་མཚོས་ 《གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བའི་ཚུལ་རེད།

དེབ་གསར་འགྲེམ་སྤེལ་མཛད་སྒོའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པའམ་གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོས་“ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་དང་རིག་གནས་སྲོལ་རྒྱུན་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་མཐོང་ཆེན་བླ་མེད་གནང་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚད་མཐོའི་གཟིགས་སྐྱོང་ཐོབ་ཡོད། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》(པོད1-118ཀྱི་བདག་ཉིད་ཅན་)ནི་གླིང་སྒྲུང་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་གལ་འགངས་ཆེ་ཤོས་ཤིག་ཡིན། གནའ་དཔེའི་པར་མའི་དཔེ་ཚོགས་དེས་ལོ་རྒྱུས་ཀྱི་བཀོད་པ་དང་གནའ་དཔེའི་ཐོག་མའི་རྣམ་པ་གང་ལེགས་མཚོན་པར་བྱས་ཏེ་ལོ་རྒྱུས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་རིན་ཐང་ཡང་ལྡན་པར་བྱས་ཡོད་པ་མ་ཟད། དེས་གླིང་སྒྲུང་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཐོག་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པར་བྱས་ཡོད།

1575161410410446.jpg

སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་རིང་བཀྲ་ཤིས་ཀྱིས་ 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཡི་འགྲེམ་སྤེལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བཞིན་པ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་རིང་བཀྲ་ཤིས་ཀྱིས་འགྲེམ་སྤེལ་ཚོགས་འདུའི་ཐོག 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》པར་སྐྲུན་བྱས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་གཞག་ཅིག་ཡིན་ལ། སི་ཁྲོན་ཞིང་ཆེན་ཏང་ཨུ་ཡིས་བཏོན་པའི“རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་གདུང་མ་རང་བཞིན་གྱི་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་དང་། ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི”དངོས་ཡོད་བྱ་ཐབས་ཤིག་ཀྱང་ཡིན་ལ། སི་ཁྲོན་གྱི་དཔེ་སྐྲུན་དར་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད་པ་རེད།

འགྲེམ་སྤེལ་ཚོགས་འདུའི་ཐོག་ཚོགས་ཞུགས་ཆེད་མཁས་པས་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཡི་དཔེ་སྐྲུན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། དེའི་གཞི་ཁྱོན་ཆེ་བ་དང་སྣ་མང་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་སྔོག་འདོན་ཞིབ་འཇུག་དང་རྒྱུན་འཛིན་དར་སྤེལ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྔགས་བརྗོད་གནང་བ་རེད།

1575161422453223.jpg

འདི་ནི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་དཔེ་དེབ་གསར་འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས་ཡིན།

ཤེས་རྟོགས་བྱུང་བ་ལྟར་ན།《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》འདི་ནི་གནའ་དཔེ་ཆ་ཚང་ཤོས་ཀྱི་པར་གཞི《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཕྱོགས་བསྡུས་བྱས་པའི་དཔེ་ཚོགས་ཆེན་པོ་ཞིག་རེད། དཔེ་ཚོགས་ནང་པར་གཞི་མི་འདྲ་བའི《གླིང་གེ་སར་རྒྱལ་པོའི་སྒྲུང་》300བསྡུས་ཡོད་པ་དང་། སྤྱིའི་པོད་གྲངས118ལ་ཕྱོགས་བསྒྲིགས་བྱས་པའི་ནང་ཤིང་པར་དང་ལག་བྲིས་དེབ་སྣ་ཚོགས་ཚུད་ཡོད་པ་མ་ཟད། ད་དུང་རྩ་ཆེའི་མཚལ་བཟོས་སྣག་ཚས་བྲིས་པའི་དེབ་ཀྱང་ཡོད་པ་རེད། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་ནང་ད་དུང་ཉེ་ཆར་འཚོལ་བསྡུ་བྱས་པའི《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》གི་གནའ་དཔེའི་པར་གཞི་30བསྡུས་ཡོད་པ་དང་། དཔེ་ཚོགས་དེ་པར་འདེབས་ཀྱི་རྣམ་པའི་ཐོག་ནས་པར་སྐྲུན་བྱས་པ་དང་། འཚོལ་བསྡུ་ལེགས་སྒྲིག་དང་རྩོམ་སྒྲིག་དཔེ་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་དམིགས་བསལ་ས་ཁོངས་ཀྱི་གནའ་དཔེའི་རྣམ་པ་སོར་བཞག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།