རྒྱལ་དབང་ཁེ་ལས་རྔ་བ་ཁུལ་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་དང་། རྔ་བ་ཁུལ་དང་ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ཨུ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ཆིངས་ཡིག་འགོད་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ཨུ་གཉིས་ཀྱིས་ཁྲེང་ཏུའུ་རུ་འཐབ་ཇུས་མཉམ་ལས་ཀྱི་ཆིངས་ཡིག་བཀོད་པར་མ་ཟད། རྒྱལ་དབང་ཁེ་ལས་རྔ་བ་ཁུལ་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་ཡང་སྤེལ་མགོ་ཚུགས། བྱེད་སྒོ་སྤེལ་མགོ་ཚུགས་པའི་ལས་ཡུལ་དངོས་སུ་ཀྲུང་གོའི་གློག་ཤུགས་གཏོང་དངུལ་སི་ཁྲོན་ནུས་ཁུངས་གསར་བ་ཚད་ཡོད་ཀུང་སི་དང་སི་ཁྲོན་ཏིང་ནེང་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་སི་ཁྲོན་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་འཛམ་ཐང་རྫོང་དང་རྔ་བ་རྫོང་གཉིས་དང་རྣམ་གྲངས་ལྔ་བསྐྲུན་རྒྱུའི་ཆིངས་ཡིག་བཀོད་པ་དང་། རྣམ་གྲངས་ཀྱི་གཏོང་དངུལ་སྒོར་དུང་ཕྱུར་52.5རུ་བསླེབས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ཨུའི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རེན་ཞུས་ཅིན་རྣམ་གཉིས་བྱེད་སྒོར་ཕེབས་པར་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་མཛད་སྒོའི་གཙོ་འགན་བཞེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་བྱེད་སྒོར་ཞུགས།

ཆིངས་ཡིག་འགོད་པའི་མཛད་སྒོར། རྣམ་གྲངས་ལ་ཆིངས་ཡིག་འགོད་པའི་འཐུས་མིས་བསམ་འཆར་བརྗེ་རེས་ཀྱི་གཏམ་བཤད་པ་དང་སྦྲགས། རང་ཁུལ་གྱིས་ད་དུང་མགྲོན་པོ་རྣམས་ལ་རྣམ་གྲངས་ང་དྲུག་མཚམས་སྦྱོར་བྱས་པ་དང་གཏོང་དངུལ་སྒོར་དུང་ཕྱུར་221.35རུ་བསླེབས། ཆིངས་ཡིག་མ་བཀོད་གོང་། ཁུལ་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ཁེ་ལས་རང་ཁུལ་དུ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་དོན་དག་ལ་མཐུན་རྐྱེན་སྦྱར་བ་དང་འབྲེལ་མཐུད་བྱས།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།