རྔ་བ་ཁུལ་གྱིས་གྲོང་སྡེའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱིས་སྔ་སེ་ནས་འཆར་གཞི་ལེགས་པོ་བཀོད་པ་དང་རིམ་པ་རེར་ལས་འགན་དོན་འཁྱོལ་བྱས་ནས། ཏན་ཏན་ཏིག་ཏིག་གིས་གྲོང་སྡེ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། གྲུབ་འབྲས་མངོན་གསལ་ཐོབ།

ད་བར་དུ། ཁུལ་ཡོངས་སུ་གད་སྙིགས་ཏུན་2201.72གཙང་སེལ་བྱས་པ་དང་། རང་དགར་དུ་བསྐྲུན་པའི་ཨར་ལས་450བཤིགས་པ། ཕྱི་རོལ་གྱི་བརྡ་ཁྱབ་ཆེ་གྲས་རེ་དྲུག་གཙང་བཤེར་བྱས་པ། ཚོང་ཁང་718ཀྱི་སྒོ་བྱང་ཚད་ལྡན་དུ་བསྒྱུར་བ། སྐོར་སྐྱོད་ཚོང་ས་དང་བགྲོད་ལམ་བཟུང་བའི་ཚོང་ཁང་2376གཙང་བཤེར་དང་ཚད་ལྡན་དུ་བཏང་། སྤྱོད་ཁང་118ལེགས་སྒྲིག་བྱས་པ། གང་འདོད་དུ་རླངས་འཁོར་བཞག་པ་5825བཅོས་སྐྱོང་བྱས་པ། ཡུར་བུ་དང་བཙོག་ཆུ་འབུད་ལམ་སྨི་163327གཤོང་བ། ཆུ་ངོས་སུ་གཡེང་བའི་དངོས་པོ་ཏུན་218.048གཙང་བཤེར་བྱས་པ། བདག་མེད་ཁྱི་དང་ཟོག958ཐག་གཅོད་བྱས།

དུས་མཚུངས་སུ། གྲོང་སྡེའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཆེད་སྤྱོད་ཁ་པར་དང་དྲ་འབྲེལ་ལ་བརྟེན་ནས། ཁོར་ཡུག་འཕྲོད་བསྟེན་དང་གྲོང་རྡལ་རྣམ་པ། སྒྲིག་ལམ་སོགས་ལ་གནོད་པ་བཟོས་པའི་གནད་དོན་15ཐག་གཅོད་བྱས་པ་དང་། དྲིལ་སྒྲོག་བྱེད་སྒོ་ཐེངས་56ལ་སྤེལ་བ་དང་དྲིལ་སྒྲོག་དཔྱད་ཡིག་15981བཀྲམ།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།