དབྱི་ཐ་ལིའི་རིག་དངོས་ཁྲེང་ཏུའུ་རུ་འགྲེམས་སྟོན་བྱས་པ།

1125278928_15748176666621n.jpg

 ཟླ11པའི་ཚེས26ཉིན། ལྟད་མོ་བ་ཞིག་གིས་ཟངས་ཀྱི་རིག་དངོས་པར་ལེན་བཞིན་པའི་རྣམ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས26ཉིན། ས་དབུས་རྒྱ་མཚོའི་གནའ་བོའི་གྲོང་ཁྱེར་སྟེ་དབྱི་ཐ་ལིའི་ཤེས་རིག་རྟེན་རྫས་དང་བསམ་གཞིགས་སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་ནང་དབྱི་ཐ་ལིའི་ཕ་ཨའེ་སི་ཐུའུ་མུའུ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་གི་རིག་དངོས134འགྲེམས་སྟོན་བྱས་པ་དང་འགྲེམས་སྟོན་དེ2020ལོའི་ཟླ2པའི་ཚེས་26ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་། དེའི་རིང་ད་དུང་རིག་གཞུང་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་འཆར་ཡོད་པ་རེད།    

1125278928_15748176666931n.jpg

    ཟླ11པའི་ཚེས26ཉིན། ལྟད་མོ་བ་ཚོས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

1125278928_15748176667091n.jpg

    འདི་ནི་གནའ་བོའི་ཀེ་རི་སིའི་ལྟེབ་རྩེག་སྨད་གཡོག་གྱོན་པའི་བུད་མེད་གཞོན་ནུ་མའི་བརྐོས་རིས་ཡིན། (ཟླ11པའི་ཚེས་26ཉིན།)

1125278928_15748176667401n.jpg

    འདི་ནི་མགོ་རྨོག་གྱོན་པའི་ཡྰ་ཏན་ན་ཡི་མགོ་པར་ཡིན། (ཟླ11པའི་ཚེས་26ཉིན།)

1125278928_15748176667711n.jpg

    འདི་ནི་འགྲེམ་སྟོན་བྱས་པའི་ཆང་སའི་བུམ་པ་ཡིན། (ཟླ11པའི་ཚེས་26ཉིན།)

1125278928_15748176667871n.jpg

    འདི་ནི་འགྲེམས་སྟོན་བྱས་པའི་སྐེ་ཕྲའི་བུམ་པ་ཡིན། (ཟླ11པའི་ཚེས་26ཉིན།)

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།