དགུན་དུས་སོས་དལ་དུས་སུ་ཞིང་བའི་དཔེ་དེབ་ཁང་སྡེ་མིའི་འདུག་གནས་བཟང་བོ་རུ་གྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་དུས་སོས་དལ་དུས་སུ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཀ་པ་གྲོང་རྡལ་དོན་འགྲུབ་སྡེ་བའི་ཞིང་བའི་དཔེ་ཁང་དུ་དུས་རྒྱུན་སྡེ་མི་རྣམས་ཡོང་ནས་ཞིང་ལས་རྨོ་འདེབས་དང་།  ཕྱུགས་ལས་གསོ་སྤེལ་སོགས་ཞིང་ལས་ཚན་རིག་རིགས་སྐོར་གྱི་དཔེ་དེབ་བཀློགས་བཞིན་ཡོད།  ཞིང་བའི་དཔེ་ཁང་འདི་ནི་སྔ་མོ་ནས་དགུན་དུས་སྐབས་སུ་ཞིང་བ་རྣམས་དུས་རྒྱུན་འགྲོ་སའི་གནས་རུ་གྱུར་འདུག 

1.jpg

སྡེ་མའི་དཔེ་ཁང་དུ་དཔེ་བཀློགས་བྱེད་བཞིན་པ། 

དོན་འགྲུབ་སྡེ་བའི་ཞིང་བའི་དཔེ་ཁང་དུ་དཔེ་ཆ་སྣ་མི་འདྲ་བ་སྣ་ཚོགས་ཡོད་ལ།  སྨི་གྲུ་བཞི་མ60ལྷག་ཙམ་གྱི་དཔེ་ཁང་འདི་རུ་སྡེ་མི་མང་པོ་འདུས་སྟེ་ལ་ལས་འདེབས་གསོ་ཕྱོགས་ཀྱི་དཔེ་ཆ་་བཀློགས་བཞིན་ཡོད་པ་དང།  ལ་ལ་མཉམ་དུ་འདུས་ཏེ་དཔེ་ཆའི་ནང་དོན་ལ་རྩ་སྡུར་བྱས་ཏེ་ཕན་ཚུན་ལ་རང་ཉིད་ཀྱི་མཉམ་མྱོང་བརྗེ་རེས་བྱེད་ཀྱིན་ཡོད།   ཞིང་བའི་དཔེ་ཁང་འདི་ན་སློབ་སྦྱོང་གི་ངང་ཚུལ་ཟབ་མོ་ཞིག་མངོན་པར་གྱུར་འདུག

ལི་ཐང་རྫོང་ཀ་པ་གྲོང་རྡལ་དོན་འགྲུབ་སྡེ་བའི་ཀྲུའུ་རིན་ལོ་ཕུན་ཚོགས་ཀྱིས་བཤད་རྒྱུར།  དགུན་ཁའི་དུས་སུ་སྡེ་མི་རྣམས་ལ་འགྲོ་སའི་ས་ཞིག་ཡོད་ཆེད་ང་ཚོས་དཔེ་ཁང་འདི་གསར་འཛུགས་བྱས་པ་ཡིན།   ལོ་ལྔའི་རིང་ལ་བསྡོམས་པའི་དཔེ་དེབ10000ལྷག་ཙམ་ཉར་ཚགས་བྱས་ཏེ་སྡེ་མི་རྣམས་ཀྱི་ཤེས་རྒྱ་ཆེ་རུ་བཏང་། 

ཉེ་བའི་ལོ་འགའི་རིང་ལ་ལི་ཐང་རྫོང་ཀ་པ་གྲོང་རྡལ་གྱི་ཞིང་བའི་དཔེ་ཁང་ཇེ་ལེགས་སུ་གཏོང་ཆེད་རྒྱང་རིང་སློབ་གསོ་སོགས་མཉེན་ཆས་སྒྲིག་བཀོད་དང་།  ཞིང་བའི་དཔེ་ཁང་གི་དོ་དམ། དཔེ་དེབ་གཡོར་ཀློག་སོགས་ཀྱི་ཐད་ནས་འཕེལ་རྒྱས་སུ་བཏང་སྟེ་དུས་ཚིགས་བཞི་བོར་སྒོ་ཕྱེ་བ་དང་སྡེ་མིའི་བསམ་བློ་སྔོན་ཐོན་དང་ལག་རྩལ་རྒྱུད་བསྒྲགས་བྱས་པ་ཡིན། 

2.jpg

དཔེ་དེབ་ཁང་གི་ཟུར་གཅིག

ད་ལྟ་དཔེ་བཀློགས་བྱེད་རྒྱུ་ནི་དོན་འགྲུབ་སྡེ་བའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་ཞིང་བའི་དཔེ་ཁང་འདི་ནི་སྡེ་མི་རྣམས་ཀྱི་རིག་གནས་སྦྱང་ས་དང་ཕྱུག་འགྱུར་གྱི་ལམ་ཁར་བསྙེགས་པའི་ལམ་བུ་ཞིག་ཏུ་གྱུར་འདུག     

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།