བྱམས་བློས་རང་ཁུལ་གྱི་དགུན་དཔྱིད་ཡུལ་སྐོར་ཐད་ལ་འདི་འདྲ་གསུངས།

2019112012214022887 (1).jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས18ཉིན། 2019ལོའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་སྤེལ་འགོ་ཚུགས་པའི་མཛད་སྒོ་དང2019ལོའི་སི་ཁྲོན་གང་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་སྟོན་གྱི་འགོ་ཚུགས་མཛད་སྒོའི་གྲ་སྒྲིག་ཚོགས་འདུ་དུང་དཀར་ལུང་པ་རུ་འཚོགས་པ་རེད།

ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་གངས་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་སྟོན་དེ་ཞིང་ཆེན་རིམ་པའི་བྱེད་སྒོ་གལ་ཆེན་དུ་བཞག་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཚད་གཞི་མཐོ་བ་དང་། འགན་འཁྲི་འཁུར་བ།ཕྱོགས་མང་འབྲེལ་གཏུག་བྱས་ནས་འགོ་ཚུགས་མཛད་སྒོ་དང་། དེ་བཞིན་བྱེད་སྒོ་རབ་དང་རིམ་པ་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས་པར་ནན་གསུང་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེང་ཐེན་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

འགོ་ཚུགས་མཛད་སྒོའི་གྲ་སྒྲིག་གི་འཕེལ་རིམ་ལ་གསན་རྗེས་བྱམས་བློས་སྐབས་འདིའི་ཡུལ་སྐོར་དུས་ཆེན་ནི་སི་ཁྲོན་གྱི་དགུན་དུས་རིག་གནས་ཡུལ་སྐོར་གྱི་སྒོ་མོ་འབྱེད་པའི་དོན་ཆེན་ཞིག་ཡིན་ལ། རང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་གོ་སྐབས་ཤིག་ཀྱང་ཡིན་པས་དུང་དཀར་ལུང་པའི་གངས་འཁྱག་དང་ཆུ་ཚན་གྱི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

2019112012221689156.jpg

བྱམས་བློས་འགོ་ཚུགས་མཛད་སྒོ་ནི་ཡུལ་སྐོར་དུས་ཆེན་གྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པས་སྒྲིག་འཛུགས་ལ་ཤུགས་རྒྱག་པ་དང་། ལས་ཀའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ཁྱད་ཆོས་ལྡན་པ།གོ་རིམ་ཡོད་པ།ནོར་འཁྲུལ་མི་ཤོར་བ་སོགས་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

དེ་རིང(ཚེས20ཉིན)དུང་དཀར་ལུང་པ་རུ2019ལོའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་སྤེལ་འགོ་ཚུགས་པའི་མཛད་སྒོ་དང2019ལོའི་སི་ཁྲོན་གང་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་སྟོན་གྱི་འགོ་ཚུགས་མཛད་སྒོ་འཚོག་བཞིན་ཡོད་ལ། དེ་ནས་བཟུང་རང་ཁུལ་གྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་བྱ་བའི་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་བལྟ་བྱ་གཅིག་ནི་རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་ནས་ཡོང་བའི་ཁམས་པའི་ཕོ་རྒོད་དང་བོད་རིགས་མཛེས་མ50ཡིས་རྒྱན་གོས་འཁྲབ་སྟོན་བྱེད་པ་དང་། གཉིས་ནི་དྲྭ་ཐོག་དང་དྲྭ་ཕྱི་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ་གནས་མཆོག་དཀར་མཛེས་ཀྱི་མགྲིན་ཚབ་པ། གློག་རྡུལ་ཚོང་དོན་གྱི་དྲ་གྲགས་ན་གཞོན་པའི་འགྲན་བསྡུར་སྐབས་དང་པོ་དེ་དྲྭ་ཐོག་སྤེལ་བཞིན་ཡོད་པ་རེད།

འགོ་ཚུགས་མཛད་སྒོ་མ་སྤེལ་བའི་སྔོན་ལ་དུང་དཀར་ལུང་པའི་འབོ་ཞབས་གྲོང་རྡལ་གྱི་ཐང་ཆེན་དུ་མི་སྟོང་གིས་སྐོར་བྲོ་འཁྲབ་ནས་དུས་སྟོན་སྔོན་བསུའི་འདུ་ལོང་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།