ཀྱག་ཀྱོག་གི་མཁའ་ལམ་རིང་པོ།

2019112108581049066.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིང་ཚད་ཧྲིལ་པོར་སྤྱི་ལེ2000ལྷག་ཙམ་ཡོད་པའི་ཁྲོན་བོད་གཞུང་ལམ་ནི་ཁྲེང་ཏུའུ་ནས་ལྷ་སའི་བར་ཡིན་པ་དང་། འཕྲེད་རྒྱུག་རི་བོ་དང་། རི་བོ་ཧི་མ་ལ་ཡ། གཉན་ཆེན་ཐང་ལྷ་བཅས་ཀྱི་བར་ནས་བརྒྱུད་སྐབས་ས་བབ་མཐོ་དམའི་ཁྱད་པར་ཆེ་ལ་ཀྱག་ཀྱོག་མང་བས་མཁའ་ལམ་གྱི་ཁྱད་འཕགས་མཛེས་ལྗོངས་ཤིག་ཏུ་གྱུར།    ཁྲོན་བོད་གཞུང་ལམ1954ལོའི་ཟླ12ཚེས25ཉིན་ཡོངས་སུ་གྲུབ་པ་དང་། ལོ65ཡི་རིང་ལ། རྒྱལ་ཁབ་ཀྱིས་ཁྲོན་བོད་གཞུང་ལམ་ལ་གཞི་ཁྱོན་ཆེན་པོས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་ཟམ་པ་དང་ཕུག་ལམ་མང་པོ་བསྐྲུན་པས་འགྲོ་སྐྱོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོར་ལེགས་སུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།