སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས33པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་33པ་འཚོགས།

ཚོགས་འདུར་ཞིང་དཔོན་དབྱིན་ལིས་རང་ཁུལ་དུ་བརྟག་ཞིབ་མཛད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལི་ཞའོ་ཕེང་རང་ཁུལ་དུ་ཕེབས་ནས་གཏན་སྡོད་དབུལ་སྐྱོར་བྱེད་པའི་རྫོང་དུ་བརྟག་ཞིབ་མཛད་པའི་སྐོར་གྱི་སྙན་ཞུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་གཏོང་དངུལ་ལ་ཞིབ་བཤེར་ཆོག་མཆན་གནང་རིམ་ཆ་འཕྲིན་ཅན་དུ་བསྒྱུར་བ་དང་། གཤམ་སྤྲོད་དང་ལྟ་སྐུལ། ཞབས་ཞུ་ཞེས་པའི་སྒྱུར་བཅོས་ཆེད་ལས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས།

ཚོགས་འདུར་ད་དུང《ཝུན་ཁྲོན་དུ“8·20”དྲག་ཆར་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བའི་ཇུས་གཞི་འགོད་ཚུལ་སྐོར་གྱི་སྙན་ཞུ》ལ་ཉན་པ་དང་། 《རྔ་བ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་གསོ་རིག་ཚན་རིག་ཁང་གི་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་ཀྱི་རྔ་བ་ཁུལ་མི་དམངས་སྨན་ཁང་ལ་དོ་དམ་བྱེད་པར་བཅོལ་བའི་གྲོས་མཐུན་(གྲོས་ཞིབ་ཞུ་བའི་མ་ཡིག)》དང《2019ལོར་དབུལ་སྡེ་33དབུལ་ཕོངས་ལས་ཐར་བའི་མཇུག་འབྲས་ལ་ཞིབ་བཤེར་གཏན་འཁེལ་བྱ་བའི་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་དང་ཞིབ་འཇུག་བྱས།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།