གསེར་རྟ་རྫོང་གིས་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་དཀའ་བའི་དཀའ་གནད་སེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་གསེར་རྟ་རྫོང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་དམངས་འཚོའི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་ཏན་ཏིག་གིས་ཞིང་འབྲོག་ཁུལ་གྱི་སྐྱེལ་འདྲེན་དང་དེ་བཞིན་མང་ཚོགས་ཕྱིར་སྐྱོད་ཀྱི་དཀའ་གནད་ཐག་གཅོད་བྱས་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཇེ་ཆེ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་བ་རེད། 

2018ལོ་ནས་བཟུང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1803གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་། “ཤར་གཏོང་མི་ཐུབ་པའི”ལམ་དུམ་སྤྱི་ལེ245བཅོས་སྒྲིག་བྱས་ལ། གྲོང་གསེབ་ཀྱི་གཞུང་ལམ་བདེ་སྲུང་སྒྲིག་བཀོད་སྤྱི་ལེ146འཐུས་ཚང་དུ་བཏང་བས། རྫོང་ཡོངས་ཀྱི་གྲོང་གསེབ་དང་ཤང་གྲོང་གི་ཤར་བགྲོད་གཞུང་ལམ་གྱི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཧུར་ཐག་གིས་ “འགྲིམ་འགྲུལ་སྐྱེལ་འདྲེན་དང་ཁྱད་ལྡན་ཐོན་ལས་ཟུང་དུ་འབྲེལ་བའི”དབུལ་སྐྱོར་བྱེད་སྟངས་ཁྱབ་གདལ་བཏང་ནས་རྣམ་གྲངས་ཁག82ལག་བསྟར་བྱས་པས། རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ2293.8ཟིན་པས་“འགྲིམ་འགྲུལ་འཛུགས་སྐྲུན”གྱིས་དབུལ་ཐར་འགག་སྒྲོལ་གྱི་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། 

དེ་དང་ཆབས་ཅིག  གྲོང་གསེབ་གཞུང་ལམ་དོ་དམ་ཁང17བཙུགས་པ་དང་གཞུང་ལམ་བདག་སྐྱོང་ལས་གནས134བཙུགས་ནས“རྫོང་རིམ་པའི་གཞུང་ལམ་དང་ཤང་རིམ་པའི་གཞུང་ལམ། སྡེ་བ་རིམ་པའི་གཞུང་ལམ་”བཅས་རིམ་པ་གསུམ་གྱིས་བདག་སྐྱོང་དོ་དམ་མ་ལག་བཙུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྣེ་ཁྲིད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བ་བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དོ་དམ་དང་ཞབས་ཞུའི་རྣམ་པ་གསར་གཏོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་དང་དུས་གཏན་ལམ་ཐིག་8གཉེར་སྐྱོང་བྱས་ཤིང་། སྲིད་འཛིན་གྲོང་ཚོའི་འབོད་འགུགས་ས་ཚིགས92བཅས་འཛུགས་སྐྲུན་བྱས་ཡོད། མིག་སྔར་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་། གྲོང་ཚོར་ཤར་གཏོང་ཐུབ་ཚད། དོ་དམ་ཞིག་གསོ་བྱེད་ཚད་བཅས་ཀྱི“100%ཅན་གསུམ”་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།