དཀར་མཛེས་ཁུལ་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་གཉིས་གསར་དུ་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་ཁག་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ(གཤམ་དུ“རྒྱལ་སྲུང”ཞེས་བསྡུ་རྒྱུ)ཞིབ་དཔྱད་གཏན་འཁེལ་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། དཀར་མཛེས་ཁུལ་རྟའུ་རྫོང་གི་མགར་ཐར་དགོན(དཀར་མཛེས་མགར་ཐར་དགོན)དང་ལྕགས་ཟམ་ཁ་རྫོང་ཁྲོན་བོད་གཞུང་ལམ་གྱི་རྒྱལ་མོ་རྔུལ་ཆུའི་འཕྱངས་ཟམ་གཉིས་རིག་དངོས་སྲུང་སྐྱོང་ཚན་པར་གྲུབ་འབྲས་ཐོན་པའི་ངང་བདམས་ཐོན་བྱུང་བ་རེད།

2018ལོའི་ཟླ7པར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁག་བརྒྱད་པའི“རྒྱལ་སྲུང”ཚན་པ་འདེམས་སྒྲུག་རེ་ཞུའི་ལས་དོན་སྤེལ་བ་དང་། 2019ལོའི་ཟླ2པ་བར་རྒྱལ་ཡོངས་ཀྱིས་རེ་ཞུའི་རྣམ་གྲངས་ཁྱོན3123གོང་འབུལ་བྱས་པའི་ནང་དཀར་མཛེས་ཁུལ་གྱིས་རེ་ཞུའི་རྣམ་གྲངས5གོང་འབུལ་བྱས་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རེ་ཞུ་བྱས་པའི་རྣམ་གྲངས་ལ་ཞིབ་དཔྱད་བྱས་ཤིང་། སྡེ་ཚན་དང་ཚན་པ56གི་རིགས་གཅིག་མཁས་ཅན99གདན་དྲངས་ཏེ་དཔྱད་ཞིབ་དང་འདེམས་ཤོག་འཕངས་པ་མ་ཟད། རིགས་གཅིག་མཁས་ཅན71སྒྲིག་འཛུགས་ཀྱིས་དོགས་ཡོད་རྣམ་གྲངས176ལ་ཡུལ་དངོས་སུ་བསྐྱོད་ནས་བསྐྱར་ཞིབ་བྱས་པ་དང་། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་ཞིབ་འཇུག་བྱས་པས། འོས་སྦྱོར་གྱི་མིང་ཐོ་ཐོན་ཡོད། མཐར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱས་པའི་ཁག་བརྒྱད་པའི“རྒྱལ་སྲུང”ཚན་པ་ཁྱོན762ཡོད་པའི་ནང་ནས་ཚན་པ་56དེ་གོང་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཡོངས་བསྒྲགས་བྱས་པའི“རྒྱལ་སྲུང”ཚན་པ་དང་ཟླ་བསྒྲིལ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གསར་བརྗེའི་རིག་དངོས་ལ་ཉིན་རེ་ལས་མ་འདས་པར་གཙིགས་མཐོང་བྱེད་པ་དང་བསྟུན་ད་རེས་ཀྱི་ཁག་བརྒྱད་པའི“རྒྱལ་སྲུང”ཚན་པའི་ཁྲོད་གསར་བརྗེའི་རིག་དངོས་ཀྱི་གྲངས་འབོར་ཧ་ཅང་མང་ཞིང་། ད་རེས་ཀྱི“རྒྱལ་སྲུང”ཚན་པའི་ནང་བདམས་པའི་གྲས་སུ་སི་ཁྲོན་ཁོ་ན་ནས་མོ་མོན་ཚོགས་འདུ་ཚོགས་ཡུལ་རྙིང་པ་དང་དེ་བཞིན་དཀར་མཛེས་ཁུལ་གྱི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་མོ་རྔུལ་ཆུའི་འཕྱངས་ཟམ་སོགས་མང་པོ་ཞིག་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།