རྔ་ཁུལ་གྱི་སྐབས19པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགོ་བཟུང་།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབར་ཁམས་ནས་གངས་རི་རྟགས་མའི་རྔ་བ་ཁུལ་གྱི་སྐབས19བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མགོ་ཚུགས། རྐང་རྩེད་སྤོ་ལོའི་རིག་གནས་བྱེད་སྒོར་སྐུལ་མ་བཏང་སྟེ། རང་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་དང་སོ་སོ་ལུས་སྦྱོང་གི་རྣམ་པ་གང་ལ་མོས་པ་དེ་ལ་ཞུགས་ཐུབ་པ་ཞིག་ཡོང་བ་ནི་ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་རེད།

2.jpg

ཟླ10ཚེས22ནས་ཚེས26བར་ཏེ། བསྟུད་མར་ཉིན4རིང་ལ་ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྤེལ་རྒྱུ་ཡིན་པ་དང་། འགྲན་བསྡུར་དུ་ཞུགས་པའི་ཚོ་ཆུང་སོ་སོ་རེས་མོས་འགྲན་བསྡུར་དང་། སྣོལ་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་འགྲན་བསྡུར་གྱི་རིམ་པ་གསུམ་དུ་ཞུགས་རྗེས། མདུན་གྱི་ཨང་རིམ12པའི་ནང་དུ་ཚུད་པའི་འགྲན་ཞུགས་ཚོ་ཆུང་རེ་རེར་གཟེངས་བསྟོད་བྱ་དགའ་འབུལ་བ་དང་། སྒོ་ནང་དུ་རྐང་རྩེད་སྤོ་ལོ་འཕེན་མཁན་ཆེས་བཟང་པོ1དང་། རྐང་རྩེད་སྤོ་ལོ་བ་ཆེས་བཟང་པོ1 རྐང་རྩེད་སྤོ་ལོའི་སྒོ་སྲུང་ཆེས་བཟང་པོ1 རྩལ་འཁྲིད་པ་ཆེས་བཟང་པོ1བཅས་བདམས་པ་དང་། ལུས་རྩལ་སྤྱོད་བཟང་ཚོ་ཆུང4དང་། ལུས་རྩལ་སྤྱོད་བཟང་པ8། ཕུལ་བྱུང་ཤན་འབྱེད་པ6། ཕུལ་བྱུང་རྩལ་འཁྲིད་པ3། དྲྭ་ཐོག་ནས་དགའ་བསུ་ཆེན་པོ་ཐོབ་པའི་འགྲན་ཞུགས་ཚོ་ཆུང1 འགྲན་ཐེངས་རེ་རེ་ནས་བྱུང་བའི་རྐང་རྩེད་སྤོ་ལོ་རྩེ་བ་ཆེས་བཟང་ཤོས་ཀྱི་མི་བཅས་ལའང་གཟེངས་བསྟོད་བྱ་དགའ་གནང་རྒྱུ་ཡིན་འདུག

3.jpg

རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བྱེད་སྒོ་འདི་རྔ་བ་ཁུལ་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་ཀྱིས་གཙོ་བོར་སྒྲུབ་པ་དང་། རྔ་བ་ཁུལ་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་པའི་འགན་བཞེས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།