རྔ་བ་ཁུལ་གྱིས་དབུལ་སྐྱོར་བྱེད་སྒོ་སྐུལ་སྤེལ་གྱི་ཚོགས་འདུ་འཚོགས་པ། རྔ་བ་ཁུལ་2019ལོའི་དབུལ་སྐྱོར་བྱེད་སྒོ་དང་སྤྱི་ཚོགས་དབུལ་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་མའོ་རྫོང་དུ་འཚོགས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས17ཉིན། རྔ་བ་ཁུལ2019ལོའི་དབུལ་སྐྱོར་བྱེད་སྒོ་དང་སྤྱི་ཚོགས་དབུལ་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་མའོ་རྫོང་དུ་འཚོགས། ཉིན་དེའི་སྔ་དྲོར། ཚོགས་ཞུགས་འགོ་ཁྲིད་དང་ཚོགས་མི་རྣམས་མའོ་རྫོང་ཧྥུ་ཧྲུན་གྲོང་རྡལ་ཡུས་ཐིང་གྲོང་ཚོ་དང་ཟླ་དྲུག་པའི་གཡེར་མ་དམར་པོའི་མཉམ་ལས་ཁང་དང་། ཆའང་རིགས་རིག་གནས་ཀྱི་གདོད་མའི་སྐྱེ་ཁམས་དཔེ་སྟོན་ཁུལ། སྐྱེ་ཁམས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་འཕེལ་རྒྱས་གླིང་བཅས་སུ་ཕེབས་ནས་ཡུལ་དངོས་སུ་གཟིགས་ཞིབ་བྱས་ཤིང་། ཡུལ་དངོས་སུ་གཟིགས་ཞིབ་དང་སྙན་སེང་གསན་པར་བརྒྱུད་ལས་དོན་ཁག་གི་ཕན་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་།

ཧྥུ་ཧྲུན་སྐྱེ་ཁམས་འདེབས་གསོ་འཁོར་རྒྱུག་གསོ་སྤེལ་རྟེན་གཞི་དེ་མའོ་རྫོང་ཧྥུ་ཧྲུན་གྲོང་རྡལ་ཡུས་ཐིང་གྲོང་ཚོར་གནས་ཡོད་ལ། 2019ལོའི་ཟླ3པར། རྟེན་གཞི་དེས་ཕག་ཕྲུག2200གསོ་ཚགས་བྱས་པ་དང་ཟླ་9པར་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་བཏང་། གསོ་ཚགས་ལས་བྱུང་བའི་མཁོ་མེད་རྒྱུ་ཆ་ནི་སྐམ་རློན་ལོགས་སུ་ཕྱེས་ཏེ་ལུད་བཟོས་པ་དང་། ནུས་ལྡན་གྱིས་རྟེན་གཞི་མུའུ700ལྷག་ཙམ་གྱི་ཤིང་ཏོག་ལི་སོབ་འཚར་སྐྱེའི་དགོས་མཁོ་འགན་ལེན་བྱས་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་དུས་མཚུངས་སུ་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ཡོད།

2.jpg

མིག་སྔར། རྟེན་གཞི་དེས་ཀུང་སི་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་སྦྲེལ་བའི་རྣམ་པ་གཞིར་བཟུང་སྟེ། ཀུང་སི་དང་ཞིང་ཁྱིམ་བར་ཕག་ཚབ་གསོའི་གྲོས་མཐུན་བཞག་ཅིང་། ཞིང་ཁྱིམ40ནས60བདམས་ཏེ་ཁྱིམ་ཚང་རེས་ཕག40ཚབ་གསོ་བྱས་པ་དང་། ལོ་རེར་ཁྱིམ་ཚང་རེར་ཁེ་སྤོགས་སྒོར་ཁྲི1.2ཡོད་ལ། དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བར་མ་ཟད། དབུལ་ཕོངས་ལས་ཐར་ཐུབ་པའི་ནུས་པ་ཡང་ཆེ་རུ་ཕྱིན་ཡོད།

དུས་ཡུན་རིང་པོའི་ནང་དུ་མའོ་རྫོང་གི་ཟླ་དྲུག་པའི་གཡེར་མ་དམར་པོའི་མཉམ་ལས་ཁང་གིས་མི་གཅིག་ཕྱུག་པོ་ཆགས་པ་ནི་ཕྱུག་པོ་མིན་པ་དང་། ཚང་མ་ཕྱུག་པོ་ཆགས་པ་ནི་ཕྱུག་པོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཁེ་ལས་དང་རྟེན་གཞི། ཞིང་ཁྱིམ་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད་རྟེན་གཞི་ཐོན་སྐྱེད་དང་ཐོན་རྫས་ལས་སྣོན། ཐོན་རྫས་ཕྱིར་ཚོང་བཅས་ཀྱི་ཐོན་ལས་སྦྲེལ་ཐག་བཟང་པོ་བཙུགས་པ་དང་འབྲེལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། མཉམ་ལས་ཁང་ལ་ཧྲེ་ཡོན་ཁྱིམ་ཚང813ཡོད་པའི་ཁྲོད། དབུལ་བོའི་འདེབས་འཛུགས་ཁྱིམ་ཚང་36ཡོད་ལ། ཁྱིམ་ཚང་དབུལ་བོས་ལོ་རེར་ཆ་སྙོམས་གཡེར་མ་འདེབས་པའི་ཡོང་འབབ་སྒོར8200ལེན་ཐུབ་པ་དང་། འདེབས་འཛུགས་ཁྱིམ་ཚང་ཆ་ཤས་ཀྱིས་སྒོར་ཁྲི་3ཡན་ལེན་ཐུབ། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ཁྱིམ་ཚང་དབུལ་པོ་ལས་མིར་བཀོད་སྒྲིག་བྱས་ནས་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར12000ཡོད་པས། ཁྱིམ་ཚང་དབུལ་བོས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་མ་ཟད་ཕྱུག་པོར་ཡོང་བར་སྐུལ་སྤེལ་བཏང་།

3.jpg

ཀྲུང་གོའི་གནའ་བོའི་ཆའང་རིགས་ཀྱི་གྲོང་དང་ཆའང་རིགས་རིག་གནས་ཀྱི་གདོད་མའི་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཚོགས་ཞུགས་མི་སྣས་ཀྲེ་ཅང་ཝུན་ལིང་ཁང་དང་ཡུས་ཧོན་ཁང་གིས་འགྲེམས་སྟོན་བྱས་པའི་ཉ་པའི་གྲོང་ཚོའི་ཁྱད་ཆོས་དང་། ཉ་གསོའི་ནུས་རྩལ་རྒྱུན་འཛིན། གླིང་ཕྲན་གྱི་ཤེས་དཔལ་དང་དེ་བཞིན་མའོ་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས། ཆའང་རིགས་ཀྱི་རྒྱན་གོས། གསར་བརྗེའི་རིག་གནས་བཅས་ལ་རྒྱུས་ལོན་བྱས། རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཆའང་རིགས་རིག་གནས་ཀྱི་གདོད་མའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཀྲེ་ཅང་གི་ཁ་གཏད་རོགས་སྐྲུན་འཆར་འགོད་ཀྱི་སྤྱིའི་བླང་བྱ་དང་ལེན་ཧུར་ཐག་བྱས་ཤིང་། དེ་ནི་ལྗོངས་སྐོར་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ། གྲོང་ཁྱེར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། མིག་སྔར། ཁྱིམ་ཚང་དབུལ་པོ་48ཀྲུང་གོའི་གནའ་བོའི་ཆའང་རིགས་གྲོང་དུ་ལས་ཞུགས་ཐུབ་པར་མ་ཟད། ཁྱད་ལྡན་འགྲེམས་ཁུལ་ཕྱོགས་ཡོངས་ནས་སྤྱོད་མགོ་ཚུགས་རྗེས་མི་50ལས་ཞུགས་ཐུབ་ལ། མའོ་རྫོང་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ། 

4.jpg

མའོ་རྫོང་གི་སྐྱེ་ཁམས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐོན་ལས་གླིང་དུ་ཚོགས་ཞུགས་མི་སྣས་མའོ་རྫོང་གི་གཞི་གྲངས་ཆེན་པོའི་ལྟེ་གནས་དང་དྲྭ་ཐོག་ཚོང་དོན་དབུལ་སྐྱོར་གནད་འཁེལ་གྱི་ཁྱིམ་ཚང་རེར་ཨང་གྲངས་གཅིག་གི་མ་ལག་དང་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་པ་ལ་གཟིགས་ཞིབ་གནང་ཞིང་། ལྟེ་གནས་དེ་ནི་རྒྱལ་ཁབ་རིམ་པའི་དྲྭ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་དྲྭ་ཐོག་ཚོང་དོན་གྱི་སྐྱེ་ཁམས་ཞབས་ཞུའི་མ་ལག་གི་ཀླད་པ་དང་སྤྱིའི་བཀོད་འདོམས་ཡིན། གཙོ་བོར་མའོ་རྫོང་གི་ཞིང་ལས་ཐོན་རྫས་དྲྭ་ཐོག་ཚོང་དོན་དང་དྲྭ་ཐོག་ཚོང་དོན་གྱི་ཞབས་ཞུའི་རྣམ་པའི་ཉོ་ཚོང་གྲངས་འབོར་གྱི་གཞི་གྲངས་ལྟ་སྐུལ་ཚོད་འཛིན་དང་འཚོལ་བསྡུ་བྱེད་ཐུབ་བར་མ་ཟད། ད་དུང་རྫོང་ཡོངས་ཀྱི་ཤིང་འབྲས་དང་གཡེར་མ། སྔོ་ཚལ། དེ་བཞིན་ལྗོངས་སྐོར་གྱི་སྒོ་འཛིན་དང་མགྲོན་ཁང་སོགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཞབས་ཞུའི་རྣམ་པའི་ཐོན་རྫས་ཉོ་ཚོང་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ལ། འཛད་སྤྱོད་ཀྱི་དགོས་མཁོར་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཐོན་རྫས་ཀྱི་འཕེལ་རྒྱས་དང་ངེས་གནས་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་བོ།། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།