གསེར་རྟ་རྫོང་གིས་རྫོགས་ལྡན་གཟའ་འཁོར་དུ་ཡུལ་སྐོར་བ་མི་གྲངས་ཁྲི21ལ་སྣེ་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གསེར་རྟར་ཡུལ་སྐོར་ལྗོངས་རྒྱུར་ཡོང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོས་གསེར་རྟའི་དུང་དཀར་དགོན་གྱི་སྣེ་ལེན་ཁང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་དམག་གཟིགས་མཛད་སྒོར་གཟིགས་ནས་ང་ཚོའི་མེས་རྒྱལ་སྔར་བས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན། ”ཞེས་གསེར་རྟར་ཡུལ་སྐོར་དུ་ཡོང་མཁན་ཧོ་པེ་ཞིང་ཆེན་གྱི་ཧྲེན་ཧུའེ་ཡན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད། 

    རྫོགས་ལྡན་གཟའ་འཁོར་བཅུ་གཅིག་རིང་། གསེར་རྟ་རྫོང་དུ་ཡུལ་སྐོར་བས་གསོལ་མགྲོན་ཁང་དང་མགྲོན་ཁང་ཚང་མར་ཡོངས་དུ་བཀང་འདུག རྒྱལ་སྟོན་གུང་གསེང་གི་ཉིན་བདུན་གྱི་ནང་སྤྱི་བདེ་དང་། འགྲིམ་འགྲུལ་ཉེན་རྟོག་པ། འགྲིམ་འགྲུལ། བཟོ་ཚོང་། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ། དངོས་གོང་། འཕྲོད་བསྟེན། གཞུང་ལམ། ཡུལ་སྐོར་སོགས་ཀྱི་ལས་ཁུངས་དང་ཡུལ་སྐོར་བྱ་ཡུལ་གྱི་ཤང་དང་གྲོང་བརྡལ་ལས་བྱེད་ལས་རེས་པས་ལས་གནས་བརྟན་སྲུང་གིས་བློ་རྩེ་གཅིག་སྒྲིམ་དང་། དཀའ་སྤྱད་འབད་བརྩོན། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་དཀའ་སྡུག་ཡུལ་སྐོར་བའི་དགོས་འདུན་ལ་བརྗེ་བའི་ཞབས་ཞུའི་འདུ་ཤེས་མངོན་པར་བྱས། ཡུལ་སྐོར་བ་མི་གྲངས་ཁྲི21.2959སྣེ་ལེན་ཞུས་པ་དང་། ན་ནིང་ལས་དུས་མཚུངས13%གྱིས་འཕར་ཡོད་ལ། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.34ལ་བུད་པས་ན་ནིང་གི་དུས་མཚུངས་ལས23.6%གིས་འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།