སི་ཁྲོན་དུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གཉིས་བསྣན་ནས་མིག་སྔར་རྒྱལ་ཁབ་འདམ་རའི་སྤྱི་གླིང8ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་ཡིས་མངགས་གཏོང་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་འཛུགས་སྐྲུན་བྱེད་འཆར་ཡོད་པར་རྟོག་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། རྩ་དོན་གཞིར་བཟུང་ཞིབ་བཤེར་རྩིས་ལེན་དང་དཔྱད་དཔོག་བྱས་པ་རེད། འདམ་རའི་སྤྱི་གླིང་གཉིས་ཀ་ནི་ཟུང་ཆུ་རྫོང་མིང་ཅང་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་རྔ་བ་རྫོང་མདོ་སྨད་གླིང་ཁ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ་རེད། 

མིང་ཅང་ཆུ་འགོའི་འདམ་རའི་སྤྱི་གླིང་དེ་ཟུང་ཆུ་རྫོང་ཆུ་ཤེལ་ཤང་གི་ས་ཁོངས་སུ་གནས་པ་དང་། མིང་ཅང་གཙང་པོའི་ཆུ་འགོ་དང་རྒྱ་ཁྱོན་སྤྱི་ཆིང1135.6ཡོདཔ་དང་། མདོ་སྨད་གླིང་ཁའི་འདམ་རའི་སྤྱི་གླིང་དེ་རྔ་པ་རྫོང་གི་དབུས་རྒྱུད་དུ་གནས་ཡོད། དེ་གར་ཨ་ཆུ་གཙང་པོའི་དབུས་རྒྱུད་ཀྱི་སྟོད་རྒྱུད་དུ་གནས་ཡོད་པ་དང་། དེ་ལ་གཞན་དང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ལྡན་ཡོད་ཅིང་། དེ་ནི་ཏ་ཏུའུ་གཙང་པོའི་ཆུ་རྒྱུད་དུ་གཏོགས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང2600ཙམ་ཡོད། མིག་སྔར། གནས་གཉིས་པོས་ལོ་མང་རིང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་བྱས་པ་དང་སྐྱེ་ཁམས་སླར་གསོ་དང་། ནུས་ཁུལ་བཀོད་སྒྲིག ཚན་ཞིབ་ལྟ་ཞིབ་ཚད་ལེན། རྨང་གཞིའི་སྒྲིག་བཀོད། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ཐད་ཐོག་མའི་གཞི་ཁྱོན་རགས་ཙམ་ཆགས་ཡོད།

མིག་སྔར། སུ་ཁྲོན་ཞིང་ཆེན་དུ་རྒྱལ་ཁབ་འདམ་རའི་སྤྱི་གླིང8ཡོད་པ་དང་། གཞན་ཡང་རྒྱལ་ཁབ་འདམ་རའི་སྤྱི་གླིང21ཚོད་ལྟའི་འཛུགས་སྐྲུན་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།