དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་གཟེངས་རྟགས་སྤྲོད་པའི་ལས་ཀ་སྤེལ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་གཟེངས་རྟགས་སྤྲོད་པ་དང་འཚམས་འདྲའི་བྱེད་སྒོ་སྤེལ་བ་རེད།ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡའོ་པིན་དར་མདོ་དང་ལྕགས་ཟམ་རྫོང་། གཡག་རྔ།ཁྲེང་ཏུའུ་བཅས་སུ་བསྐྱོད་ནས་གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་རྒན་གྲས་ལ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་ཨུ་བཅས་ཀྱིས་སྤྲད་པའི་དྲན་གསོའི་གཟེངས་རྟགས་དང་འཚམས་འདྲིའི་དངུལ་སྤྲད་ནས་ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། ཁོང་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།