སྡེ་དགེ་བས་བོད་སྐད་ཀྱིས་ང་དང་ངའི་མེས་རྒྱལ་ཞེས་པའི་བསྟོད་གླུ་བླངས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས24ཉིན། སྡེ་དགེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་སྟོང་ཙམ་གྱིས་བོད་སྐད་ཀྱི་ཐོག་ནས《ང་དང་ངའི་མེས་རྒྱལ》ཞེས་པའི་བསྟོད་གླུ་བླངས་ཏེ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

རྣ་བར་སྙན་ཞིང་འཇེབས་པའི་སྒྲ་དབྱངས་དང་བསྟུན་ནས་ཡུལ་དེའི་གེ་སར་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོའི་ཁྲིད་སྟོན་འོགཡུལ་དེའི་ལས་བྱེད་པ་དང་མང་ཚོགས་སྟོང་ཚོ་འགའ་ཡིས་མཛེས་ཆས་སྤྲས་ཤིང་།སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡུགས་ཤིང་སེམས་འགུལ་རབ་ཏུ་ཐེབས་པའི་ངང་ཐུན་མོང་དུ《ང་དང་ངའི་མེས་རྒྱལ》ཞེས་པའི་བསྟོད་གླུ་བླངས་པ་རེད།

ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།བོད་སྐད་ཀྱི་ཐོག་ནས་བླངས་པའི《ང་དང་ངའི་མེས་རྒྱལ》ཞེས་པའི་བསྟོད་གླུ་འབུལ་སྐབས་མིག་ནས་མཆི་མ་དབང་མེད་དུ་ཤོར་བྱུང་།གུང་ཁྲན་ཏང་མེད་ན་ང་ཚོའི་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད།ང་རང་ན་གཞོན་ཚོ་དང་མཉམ་དུ་གླུ་དབྱངས་བླངས་ནས་རླབས་ཆེན་གྱི་མེས་རྒྱལ་དར་རྒྱས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་ད་ལོར་ལོ་ན་བདུན་ཅུར་སོན་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་འཇམ་སྒྲོལ་གྱིས་དེ་ལྟར་བཤད་པ་རེད།

དགོན་ཆེན་གྲོང་རྡལ་ཝུའུ་དབྱི་ཟམ་པ་གྲོང་སྡེའི་ལོ་ན་ཞེ་གསུམ་ལ་ལོན་པའི་གྲོང་སྡེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇམ་དབྱངས་ཕུན་ཚོགས་ཀྱིས་ཞོགས་པར་ཁྱིམ་མི་རྣམས་ཁྲིད་ནས་བྱེད་སྒོ་སྤེལ་ཡུལ་དུ་སླེབས་རྗེས་དགའ་སྤྲོའི་རྣམ་པ་དེ་མཐོང་ནས་སེམས་འགུལ་རབ་ཏུ་ཐེབས་པ་དང་།ང་ཚོ་དང་མི་རིགས་ཁག་གི་སྤུན་ཟླ་ཚོ་ནི་ཀྲུང་གོའི་ཁྱིམ་ཚང་ཆེན་པོ་འདིའི་ཁྱིམ་མི་ཡིན།ང་ཚོས་བོད་སྐད་ཀྱི་ཐོག་ནས《ང་དང་ངའི་མེས་རྒྱལ》ཞེས་པའི་བསྟོད་གླུ་བླངས་ནས་ང་ཚོའི་ཀྲུང་ཧྭ་མི་རིགས་ཕན་ཚུན་ཁག་ཁག་མི་དབྱེ་བ་དང་།གནམ་ཨ་སྔོན་གཅིག་དང་ཏང་གི་དབུ་ཁྲིད་གཅིག་པའི་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཚོན་ཐུབ།ང་རང་ཕྱིར་ལོག་རྗེས་གྲོང་མི་རྣམས་ལ་ངེས་པར་དུ《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་དེ་བསླབ་རྒྱུ་ཡིན་ཞེས་བཤད་པ་རེད།

གླུ་དབྱངས་མཉམ་ལེན་གྱི་བྱེད་སྒོ་མཇུག་བསྒྲིལ་རྗེས།  མི་ཚང་མས་མ་སྐུལ་དང་བླངས་དང་གོ་རིམ་ལྡན་པའི་ངང་རིང་ཚད་སྨི40ལྷག་ཡོད་པའི་གྲལ་སྟར་བསྒྲིགས་ནས། རྔམ་བརྗིད་ལྡན་པའི་ལོ་ངོ70དང་འབད་འཐབ་བྱེད་པའི་དུས་རབས་གསར་པ་ཞེས་བྲིས་ཡོད་པའི་འཕྲེད་འགེལ་སྦྱར་ཡིག་གི་འོག་ཏུ་རང་གིས་མེས་རྒྱལ་ལ་རྟེན་འབྲེལ་ཞུ་བའི་ཡི་གེ་བྲིས་པ་རེད།།          

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།