སི་ཁྲོན་གྱི་ས་མཐོའི་མྱུར་བགྲོད་གཞུང་ལམ་དང་པོ་ལས་མགོ་ཚུགས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་26ཉིན་སི་ཁྲོན་འགྲིམ་འགྲུལ་མ་འཇོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། G0615ལམ་ཐིག་གཅིག་སྒྲིལ་(ཟི་ཁྲོན་དང་མཚོ་སྔོན་ལས་རིགས་)ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་《རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་འཆར་འགོད་(2013ལོ་ནས་2030ལོ་བར་)》ཁྲོད་ཀྱི་G6པེ་ཅིང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་གཏུག་ལམ་ཐིག་G0615གཏེར་ལེན་ཁ་ནས་འབར་ཁམས་བར་གྱི་་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ནུབ་བྱང་ནས་ལྷོ་ནུབ་ཕྱོགས་བར་གྱི་བགྲོད་ལམ་ཆེན་པོ་ཞིག་རེད།《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་(2014ལོ་ནས་2030ལོ་བར་)》དང་1688ཁྲོད་ཀྱི་ཁྲེང་ཏུའུ་ནས་འབར་ཁམས་དང་མཚོ་སྔོན་བར་གྱི་འགྱེད་འཕྲོ་ལམ་ཐིག་གི་གྲུབ་ཆའི་ལམ་དུམ་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་དེའི་བྱང་འབྲེལ་དུ་བསྐྲུན་ཟིན་པའི་ཧྭ་(ཧྲེ་འགག)ཅིའུ་མྱུར་བགྲོད་གཞུང་ལམ་དང་ལྷོ་ངོས་སུ་དབུན་མ་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་ཡོད། དེ་ནི་སི་ཁྲོན་གྱི་ས་མཐོའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཡིན་ལ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ། སི་ཁྲོན་ནས་ཕྱིར་འབུད་པའི་བགྲོད་ལམ་ཆེན་པོ་ཞིག་ཀྱང་རེད། དེའི་འཛུགས་སྐྲུན་དེས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དང་དེ་བཞིན་ས་ཁུལ་གྱི་གཞུང་ལམ་དྲ་བའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུབ་རྒྱུད་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 2019ལོའི་ཟླ་9ཚེས་26ཉིན་གྱི་སྔ་དྲོ་གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་མགོ་ཚུགས་པའི་སྐུལ་སློང་ཚོགས་འདུ་དེ་རྔ་བ་རྫོང་གི་ལྷོ་ངོགས་ཁུལ་གསར་བ་རུ་འཚོགས་ནས་ཅིའུ་མ་མྱུར་བགྲོད་གཞུང་ལམ་ལས་མགོ་ཚུགས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། 

2.jpg

གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་མ་འཇོག་ཚོགས་པ་ཀུང་སི་(མ་འཇོག་ཚད་88%)དང་སི་ཁྲོན་གཞུང་ལམ་ཟམ་པ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་(མ་འཇོག་ཚད་12%)གཉིས་ཀྱིས་མཉམ་འབྲེལ་ཐོག་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། ལམ་ཐིག་ལ་སྤྱི་ལེ་219ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་298.8བཏང་། འཛུགས་སྐྲུན་ལས་ཡུན་ལོ་5ཡིན་པ་རེད། རྣམ་གྲངས་དེ་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་ནས་ལས་འགོ་ཚུགས་པ་དང་། རྔ་བ་རྫོང་དང་ཧུང་ཡོན་རྫོང་། འབར་ཁམས། ཝུན་ཁྲོན་ནས་མྱུར་བགྲོད་གཞུང་ལམ་ཝང་ཅ་ཀྲའེ་བར་སྦྲེལ་བ་དང་། རྣམ་གྲངས་ཀྱི་གཙོ་གནད་ཐད་ཟམ་པ་55སྤྱི་ལེ་119(ཟམ་ཆེན་10)དང་ཕུག་ལམ་ལ་སྤྱི་ལེ་41དང་ཕུག་ལམ་20(ཕུག་ལམ་རིང་མོ་6)བཙུགས་པ་དང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་9%ཟིན་ཡོད། ཕན་ཚུན་སྤེལ་རེས་ཁག་7དང་། ཞབས་ཞུའི་ཁུལ་ཁག་4རླངས་འཁོར་འཇོག་ས་ཁུལ་ཁག་3བཅས་བཙུགས་ཡོད། 

རྣམ་གྲངས་ཚང་མ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་དུ་གནས་པ་དང་དེའི་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ནས་སྨི་3500བར་གྱི་རིང་ཚད་སྤྱི་ལེ་121དང་སྨི་3500ནས་སྨི་4000བར་གྱི་རིང་ཚད་སྤྱི་ལེ་98ཡོད་པ་རེད། ཕྱོགས་གཉིས་ཀྱི་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་འཛུགས་སྐྲུན་བྱ་རྒྱུ་དང་དུམ་པ་ཕྱེ་བའི་ལག་རྩལ་གྱི་ཚད་གཞི་ལག་བསྟར་བྱ་རྒྱུ། འགོ་འཛུགས་ས་ནས་ཅི་ཧེ། ཅི་ཧེ་ནས་ཧའེ་ཙེ་ཧྲན་དང་ལྷ་རྒྱལ་གླིང་བར་གྱི་ལམ་དུམ་དུ་ཆུ་ཚོད་རེར་སྤྱི་ལེ་100ཡི་ཇུས་འགོད་མྱུར་ཚད་ཀྱི་ཚད་གཞི་སྤྱད་དེ་ལམ་གྱི་རྨང་གཞིའི་ཞིང་ཚད་ལ་སྤྱི་ལེ་26.0དང་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་167ཡོད་པ་དང་།ཅི་ཧུའེ་ནས་ཧའེ་ཙི་ཧྲན་དང་ལྷ་རྒྱལ་གླིང་ནས་མཇུག་བར་གྱི་ལམ་དུམ་དུ་ཆུ་ཚོད་རེར་སྤྱི་ལེ་80ཡི་ཇུས་འགོད་མྱུར་ཚད་ཀྱི་ཚད་གཞི་སྤྱོད་ཀྱི་ཡོད་པ་དང་ལམ་གྱི་རྨང་གཞིའི་ཞིང་ཚད་ལ་སྤྱི་ལེ་25.5ཡོད་པ་དང་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་52ཡོད་པ་རེད།

3.jpg

རྒྱུས་ལོན་པ་ལྟར་ན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་དང་། རྔ་བའི་བོད་རིགས་ས་ཁུལ་དང་ཆའང་རིགས་ཁུལ། མཚོ་སྔོན་ཞིང་ཆེན་བཅས་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་དང་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་དང་། དབུལ་བྲལ་གནད་སྒྲོལ་གྱི་དམངས་འཚོའི་བགྲོད་ལམ་ཆེན་པོ། དེ་བཞིན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བར་ཁྱམས་བཅས་རེད། ཅིའུ་མ་མྱུར་བགྲོད་གཞུང་ལམ་དེ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་སྟེ། སི་ཁྲོན་ནས་ཕྱིར་འབུད་པའི་བགྲོད་ལམ་དང་པོ་ཡིན་པའི་ངོས་ནས་ཁྲོན་བོད་(སི་ནས་བོད་ལྗོངས)གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི་བགྲོད་ལམ་དང་འབྲེལ་བ་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་དང་། ཁྲེང་ཡུས་གྲོང་ཁྱེར་ཚོགས་པ། སྐམ་སའི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་བཅས་དང་སྦྲེལ་ཞིང་། དེའི་འཛུགས་སྐྲུན་གྱིས་སི་ཁྲོན་ནུབ་རྒྱུད་ས་ཁུལ་གྱི་གཞུང་ལམ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལམ་དྲའི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་རྒྱུ་རེད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་ཐོན་ཏེ་ཆུ་ཚོད་ལྔ་དང་ཕྱེད་ཀར་སི་ཁྲོན་དང་། མཚོ་སྔོན། ཞིང་ཆེན་བཅས་ཀྱི་ས་མཚམས་སུ་སླེབས་ནས་མིག་སྔའི་དུས་ཚོད་དང་བསྡུར་ན་1/3ཐུང་དུ་ཕྱིན་ནས་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་འགྲོ་རྒྱུ་རེད། 

གཞན་ཡང་། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་བོད་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་དང་འབྲེལ་གཏུག་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་རིག་གནས་ཀྱི་མཉམ་འགུལ་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ལམ་རྒྱུད་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་སི་ཁྲོན་ནུབ་བྱང་སྣོད་བཅུད་དཔེ་སྟོན་ཁུལ་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་དོ།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།