དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་གཞས་མཉམ་ལེན་ཆེན་མོའི་འགྲན་བསྡུར་སྤེལ།

20199249866635343.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས24ཉིན།དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ལྷན་དང་།ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཐད་གཏོགས་ལས་ཁུངས་ཨུ་ལྷན།ཁུལ་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་ཞིང་།ཁུལ་རིག་གནས་ཁང་དང་། ཁུལ་སློབ་གསོ་ལུས་རྩལ་ཅུས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་།ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱིས་རོགས་གཉེར་བྱས་པའི་ང་དང་ངའི་མེས་རྒྱལ་ཞེས་པའི་དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཉམ་ལེན་ཆེན་པོའི་འགྲན་བསྡུར་དེ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཁང་དུ་སྤེལ་བ་རེད།

3.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་འབུལ་བཞིན་པ།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན་ཞའོ་ཡིའུ་ཚའེ་བྱེད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞིན་ཝུན། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་དབྱི་ཞིན། ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་དང་ཧའོ་ཁང་ལིན། ཁྲེན་ཅིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁྲེན་ཧོང་པའོ། ཁུལ་ཁྲིམས་ཁང་གི་ལས་ཚབ་འགོ་གཙོ་ཧྥུ་པའོ། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་ལིའོ་ཞུས་ཏུང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྲང་ཡུང་ཏེ་བཅས་བྱེད་སྒོར་ཞུགས།

4.jpg

མདོ་འཛིན་པ་བཞིས་མདོ་འཛིན་བྱེད་བཞིན་པ།

ཞའོ་ཡིའུ་ཚའེ་ཡི་ཤིས་ཚིག་ནང་དུ་ཐོག་མར་ལོ་ངོ་བདུན་ཅུའི་རིང་རང་རེའི་ཏང་གི་འགོ་ཁྲིད་འོག་ཏུ་རང་རྒྱལ་ལ་ཐོབ་པའི་གྲུབ་འབྲས་རླབས་ཆེན་ལ་ཕྱོགས་བསྡོམས་བྱས་ཤིང་། དེ་ནས་ཁུལ་འགོ་ཁྲིད་ཚོགས་པ་ཆེན་པོའི་བཞིའི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་སྨོན་འདུན་བཟང་པོ་ཕུལ་བ་རེད། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་པའི་དབུ་ཁྲིད་འོག་ཏུ། དཀར་མཛེས་ཁུལ་གྱི་འགོ་ཁྲིད་ཚོགས་པ་ཆེན་པོ་བཞི་ཡིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བློ་དཀར་སེམས་དཀར་གྱིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་ཅིང་། དངོས་སྒྲུབ་ནན་སྒྲུབ་ཀྱིས་འགན་འཁྲིའི་ཁུར་ཆེན་ཁུར་ནས།ཉམས་སད་ཛ་དྲག་ཆེན་པོ་རེ་རེ་བཞིན་དང་ལེན་བྱས་ཤིང་། དཀའ་ཚེགས་ཆེ་བའི་འགག་སྒྲོལ་རེ་རེ་ལས་རྒྱལ་ཁ་ཐོབ་ཡོད་པ་དང་། རྒྱལ་ཁ་གལ་ཆེན་རེ་རེ་བཞིན་འཕྲོག་ལེན་བྱས་པར་བརྟེན། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་ཚད་དང་སྤུས་ཚད་གཉིས་ལྡན་གྱིས་སྐུལ་འདེད་ཤུགས་ཆེན་བྱུང་བ་དང་། ཁྱོན་ཡོངས་འབྱོར་འབྲིང་དང་ཡུན་རིང་བདེ་འགོད་དཔུང་གཤིབ་མཉམ་སྐྱོད་ཡོང་ཡོད། དཀར་མཛེས་བོད་ཁུལ་ལ་གཞི་རྩ་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ཐོག་མའི་བསམ་འདུན་མི་བརྗེད་ནས་སྤོབས་སེམས་རབ་ཏུ་ངོམ། འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་སླར་ཡང་མདུན་དུ་སྐྱོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་མཉམ་ལེན་ཆེན་པོའི་འགྲན་བསྡུར་བྱེད་པའི་གོ་སྐབས་དང་བསྟུན་ནས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་ནན་ཏིག་སྤེལ་བ་དང་། ང་མིན་སུས་འཇོན་གྱི་སྤོབས་པ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། གསར་གཏོད་མདུན་སྐྱོད་ཀྱི་སེམས་ཤུགས་བཅས་ཀྱིས་འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། འཐབ་འཛིང་གི་འཇོན་ནུས་ཇེ་ཆེར་བཏང་སྟེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་དེ་བས་ཆེ་པོར་གཞག་དགོས།

8.jpg

སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་མཉམ་གླུ་ལེན་བཞིན་པ།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་ནི་རང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྒྱུད་རིམ་བྱེད་སྒོའི་ཡ་གྱལ་གལ་ཆེན་ཞིག་ཡིན་ཞིང་། ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ2000ལྷག་ཞུགས་ཡོད་པ་རེད།

7.jpg

འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་མཉམ་གླུ་ལེན་བཞིན་པ།

བྱེད་སྒོ་ཧྲིལ་པོ་ཁག་གསུམ་ལས་གྲུབ་ཅིང་འགོ་ཚུགས་ལེའུ་ནི《དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་ཡིན་ངའི་མེས་རྒྱལ》ཞེས་པའི་གླུ་དང་ཞབས་བྲོ་མཉམ་འཁྲབ་བྱས་ནས་དངོས་གཞི་འཁྲབ་སྟོན་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་རེད།  དངོས་གཞི་མཉམ་ལེན་ཆེན་པོའི་འགྲན་བསྡུར་ནང་དུ་མཉམ་ལེན་རུ་ཁག11ཡོད་ཅིང་། རུ་ཁག་སོ་སོས་གསར་བརྗེའི་གླུ་དབྱངས་གཉིས་རེ་བླང་དགོས་པ་དང་། དཔྱད་བསྐོས་པ7གྱིས་འགྲན་ཞུགས་རུ་ཁག་སོ་སོ་ལ་སྐར་མ་བརྒྱབ་རྗེས་བྱ་དགའ་ཨང་དང་པོ་དང་གཉིས་པ།གསུམ་པ། དེ་བཞིན་བྱ་དགའ་ཕུལ་བྱུང་བཅས་བདམ་ནས་ཡུལ་དངོས་སུ་བྱ་དགའ་སྤྲད་པ་རེད། མཇུག་ཏུ《ང་དང་ངའི་མེས་རྒྱལ》ཞེས་པའི་མཉམ་གླུ་ཆེན་པོ་བླངས་པ་དང་། ཚོན་ཁྲའི་དབུགས་ལྒང་དང་ཚོན་ཤོག ཚོན་བུར། དར་དམར། མེ་ཏོག་བཅས་ལྷན་མཆོད་བྱས་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པའི་བྱེད་སྒོའི་མཇུག་འགྲིལ་བ་རེད།

20199243051162545.jpg

བྱ་དགའ་ཨང་དང་པོ་ཐོབ་པའི་རུ་ཁག་ལ་བྱ་དགའ་སྤྲོད་བཞིན་པ།

མཉམ་ལེན་འགྲན་བསྡུར་ཛ་དྲག་ཆེན་པོ་བྱས་མཐར། སྲིད་གཞུང་སྡེ་ཚན་གྱི་འཐུས་ཚབ་རུ་ཁག་དང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དར་མདོ་གྲོང་ཁྱེར་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་དང་སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་དང་།  དར་མདོར་བཅའ་སྡོད་བྱས་པའི་ཁེ་ལས་ཀྱི་འཐུས་ཚབ་རུ་ཁག  ཞིང་ཆེན་ཐད་གཏོགས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག  འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་།  ཏང་ཚོགས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག  ཞིང་ལས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་བཅས་བྱ་དགའ་ཕུལ་བྱུང་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།