ཁྲོན་བོད་ལྕགས་ལམ་གྱི་བཟོ་དབྱིབསTཅན་གྱི་ཟམ་ཕོག་དེ་སྔོན་དཔག་བྱས་ན2025ལོར་ཁྱོན་ཡོངས་སུ་བྲེས་ཚར་ནས་ཤར་གཏོང་ཐུབ་ཚོད་ཡིན་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲེང་ཏུའུ་ཚོང་ལས་ཚགས་པར་ནས་འབྱོར་བའི་གཏམ་གསར། ན་ལོའི་ཟླ་བ12པའིཚེས27ཉིན་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མིའོ་ཙེ་ཀོའུ་ཟམ་ཆེན་གྱི་བཟོ་དབྱིབསTཅན་གྱི་ཟམ་ཕོག་ལེགས་འགྲུབ་ངང་བྲེས་པས། དེའི་ཐོག་ནས་རྣམ་གྲངས་དེའི་འཛུགས་སྐྲུན་ཐད་ཡར་ཐོན་གལ་ཆེན་བྱུང་བ་མཚོན་ཞིང་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལས་གཞིའི་ཨར་ལས་ནས་ལམ་ངོས་ཀྱི་ཨར་ལས་སུ་སྒྱུར་བ་མངོན་འགྱུར་བྱུང་ཡོད། ཟམ་ཕོག་ཁག་དེ་དག་ནི་ཁྲེང་ཏུའུ་ནས་ཕུའུ་ཅང་བར་ལྕགས་ལམ་གྱི་ཚའོ་ཡང་མཚོའུ་ཡི་ས་ཚུགས་ཀྱིས་འགོ་ཚུགས་བྱེད་པའི་ཁྲོན་བོད་ལྕགས་ལམ་ཧྲིལ་པོར་བཙུགས་པའི་ཁག་དང་པོའི་ཟམ་པ་རེད།

ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ཟམ་ཕོག་བྲེ་བ་དེས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། ལས་གཞི་འཛུགས་སྐྲུན་སྡེ་ཚན་ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་འབྲེལ་ཡོད་འགན་ཁུར་མི་སྣས་ཟམ་པ་ཁག་དེ་བཙུགས་པ་དེས་ཁྲོན་བོད་ལྕགས་ལམ་གྱི་ཤར་ནུབ་སྔར་ཙམ་མཐུད་པར་རྨང་གཞི་སྲ་བརྟན་བཏིང་ཡོད་ཅེས་བཤད་པ་རེད།

2.jpg

ཐེངས་འདིར་ཟམ་པ་འཛུགས་པ་ནི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མིའོ་ཙེ་ཀོའུ་ཟམ་ཆེན་རེད། དེ་མིང་ཧྲན་ཆུས་ཀྱི་ཁྲེ་ལིང་གྲོང་རྡལ་གྱི་ཁུངས་སུ་ཡོད། ཟམ་པ་དེ་བར་ཐག་སྨི156.78ཡོད། ཐེངས་འདིར་བཙུགས་པའི་ཟམ་པ་ཁག་དང་པོའི་བར་ཐག་སྨི24ཅན་གྱི་བཟོ་དབྱིབསTཅན་གྱི་ཟམ་ཕོག་ཡིན་ཞིང་ཟམ་ཕོག་མཐོ་ཚད་སྨི2.1དང་ཞེང་ཁ་སྨི2.3ཡོད་ཅིང་། ཟམ་ཕོག་རེའི་ལྗིད་ཚད་ཏུན100.9ཡོད་པ་རེད།

བྲེལ་འཚུབ་དམ་ཚགས་ཀྱིས་གྲ་སྒྲིག་བྱས་ཏེ་ཟམ་འཛུགས་འཕྲུལ་འཁོར་གྱི་བཀོལ་སྤྱོད་མི་སྣ་དང་འགྲམ་དུ་ལྟ་ཞིབ་ཚད་ལེན་བྱེད་མཁན་མི་སྣ་གཉིས་ཀྱིས་གཞོགས་འདེགས་བྱས་ནས་ཟམ་འཛུགས་འཕྲུལ་འཁོར་ལ་ཁ་མཉམ་དང་དག་བཅོས་མཐའ་མ་བྱས་པ་རེད། ཟམ་པ་འཛུགས་རྒྱུའི་སྔོན་མའི་གྲ་སྒྲིག་ལས་ཀ་མཐའ་མར་སླེབས་ཤིང་ཟམ་འཛུགས་འཕྲུལ་འཁོར་འཛུགས་ཡུལ་དུ་སླེབས་པ་དང་ཟམ་ཕོག་འདྲེན་པ། མ་སྤྲས་སྔོན་དུ་ཁ་མཉམ་པོར་བཟོ་བ་སོགས་ལས་མཚམས་རེ་རེ་གོ་རིམ་ཡོད་པར་སྤེལ་བ། འོན་ཀྱང་དེ་དུས་ཆར་ཟིམ་ཟིམ་བབ་པས། ལས་ཡུལ་དུ་འདམ་རྫབ་ཀྱིས་ཁེངས་ནས་ཟམ་པ་འཛུགས་པར་དཀའ་ལས་མི་ཉུང་བ་ཞིག་བཟོས་པ་རེད།

དུས་རིམ་སྔོན་གྱི་གྲ་སྒྲིག་བྱས་རྗེས། ཟམ་འཛུགས་ལས་ཀ་དངོས་སུ་སྤེལ་བ། ཟམ་ཕོག་ཡར་བཀྱག་པ་དང་ཕར་འདྲེན་པ། མར་སྤྲས་པ་སོགས་ཀྱི་གོ་རིམ་དེ་སྐར་མ40ཙམ་འགོར། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ཟམ་ཕོག་དང་པོ་དང་ལེ་དབར་སྟོང་གི་ཁྲོན་བོད་ལྕགས་ལམ་གྱི་ཟམ་ཕོག་དང་པོ་དེ་བརྟན་པོའི་ངང་ཟམ་གདན་ཐོག་སྤྲས་པ་རེད། སྤྱི་ཁྱབ་བཟོ་བཀོད་པས་ཟམ་ཕོག་རེ་བཟོ་བར་ཉི་མ40ལྷག་དགོས་ཟེར།

འཛུགས་སྐྲུན་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཟོ་དབྱིབསTཅན་གྱི་ཟམ་ཕོག་དེ་ལ་སྔོན་མའི་གྲུ་བཞི་ནར་མོ་ཅན་གྱི་གུག་ཚད་འགོག་པའི་ནུས་པ་འདྲ་མཉམ་ཡིན་པར་ཕུད། ཨར་འདམ་བསྲི་ཚགས་བྱེད་ཐུབ་ལ་ཟམ་ཕོག་གི་ལྗིད་ཚད་ཀྱང་ཉུང་དུ་བཏང་ཐུབ་པས་བར་རྒལ་བྱེད་ནུས་མཐོ་རུ་གཏོང་ཞིང་། ཁྱོན་ཡོངས་སྤྱི་ལེ41ཡོད་པའི་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་ཧྲིལ་པོའི་ཐོག་རིགས་འདྲ་མིན་སྣ་ཚོགས་ཀྱི་ཟམ་པ་ཁག26ཡོད་ཅིང་བཟོ་དབྱིབསTཅན་གྱི་ཟམ་ཕོག1864བྲེ་དགོས་པ་རེད། དེའི་ནང་སྨི32ཅན་གྱི་ཐད་ཀའི་ཟམ་ཕོག890དང་སྨི32ཅན་གྱི་འཁྱོག་ཐིག་ཟམ་ཕོག846 སྨི24ཅན་གྱི་ཐད་ཀའི་ཟམ་ཕོག76དང་སྨི4ཅན་གྱི་འཁྱོག་ཐིག་ཟམ་ཕོག52བཅས་ཡོད་པ་རེད།

ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་སྤྱི་ཁྱབ་བཟོ་བཀོད་པ་སུན་ཡུན་ཆོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟམ་ཕོག་རེ་བཟོ་བར་ཉི་མ40ལྷག་དགོས། ཡུན་རིང་མ་སོང་སྔོན། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ཟམ་ཕོག་སྔོན་བཟོ་ར་བར་རྒྱལ་ཁབ་ཀྱི་བཟོ་ལས་ཆོག་པའི་དཔང་ཡིག་ལ་ཞིབ་བཤེར་བྱས་ཏེ་བཟོ་དབྱིབསTཅན་གྱི་ཟམ་ཕོག་འབོར་ཆེན་བཟོས་ཆོག་པའི་ཆ་རྐྱེན་འཛོམས་པས། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བར་ཆ་རྐྱེན་བསྐྲུན་པ་རེད། ཟམ་ཕོག་སྔོན་བཟོ་བྱས་རྗེས། ང་ཚོས་ཟམ་ཕོག་འདྲེན་སའི་རླངས་འཁོར་སྤྱད་དེ་ཟམ་ཕོག་ཟམ་པ་འཛུགས་ཡུལ་དུ་འདྲེན་པ་དང་ཟམ་འཛུགས་འཕྲུལ་འཁོར་སྤྱད་དེ་ཟམ་པ་འཛུགས་ཆོག་གི་རེད།

ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་དེ་སྔོན་དཔག་བྱས་ན2018ལོར་ལས་ཚར་བ་བྱ་རྒྱུ།

ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་པར། ཟམ་པ་འཛུགས་པའི་ལས་ཀ་དངོས་སུ་སྤེལ་རྗེས། ཁྲེང་ཏུའུ་ནས་གཡག་རྔ་བར་དེ་སྔོན་དཔག་བྱས་ན2018ལོའི་ཟླ་བ5པར་ཤར་གཏོང་ཐུབ་ནས་འཁོར་སྐྱོད་ཀྱི་ཆ་རྐྱེན་འཛོམས་པ། དེ་ལས་ཚར་རྗེས་སི་ཁྲོན་ནུབ་ཕྱོགས་འགྲིམ་འགྲུལ་འདུ་འགག་གཡག་རྔའི་ཤར་ཕྱོགས་ཁྲེང་ཏུའུ་དང་འབྲེལ་བ་དང་ནུབ་ཕྱོགས་སུ་དར་མདོ་དང་བོད་དུ་སྐྱོད་པ། ལྷོ་ཕྱོགས་སུ་ཞི་ཁྲང་དང་ཕན་ཙི་ཧྭ་ལ་སྐྱོད་པའི་གལ་ཆེའི་འདུ་འགག་གི་ནུས་པ་དང་ཁྲེང་ཏུའུ་ཐང་ཆེན་གྱི་དཔལ་འབྱོར་ཁུལ་གྱི་ཁྱབ་འགྱེད་སྐུལ་འཐེན་གྱི་ནུས་པ་ཐོན་པར་ཕན་པ་དང་ཆབས་ཅིག གཡག་རྔ་གནོད་ཐེབས་ས་ཁུལ་གྱིས་འཕེལ་རྒྱས་དང་དར་སྤེལ་གཏོང་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་བར་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པར་འཐབ་ཇུས་ཐོག་གི་དོན་སྙིང་གལ་ཆེན་ཡོད་པ་རེད།

རྒྱལ་ཁབ་ཀྱི་བོད་ལ་སྐྱོད་པའི་ལྕགས་ལམ་ལྔའི་ཡ་གྱལ་ཞིག་ཡིན་པའི་མཁའ་ལམ་སྟེ། ཁྲོན་བོད་ལྕགས་ལམ་དེ་ཁྲེང་ཏུའུ་ནས་དར་མདོ་བར་གྱི་ལྕགས་ལམ་ཕུད། ད་དུང་དར་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་གྱི་ལམ་དུམ་བུ་ཆེན་པོ་གཉིས་འདུས་ཡོད། དེའི་ནང་ལྷ་ས་ནས་ཉིང་ཁྲིའི་བར་དེ2014ལོར་ཁྲེང་ཏུའུ་ནས་གཡག་རྔའི་བར་དང་མཉམ་དུ་ལས་འགོ་ཚུགས་པས། སྔོན་དཔག་བྱས་ན2021ལོར་ལས་ཚར་རྒྱུ་རེད། དར་མདོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་དེ2018ལོར་ལས་འགོ་འཛུགས་པ་དང2025ལོར་ལས་ཚར་རྒྱུའི་འཆར་གཞི་ཡོད།འདིའང་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་ལས་ཚར་ནས་ཤར་གཏོང་ཐུབ་རྒྱུའི་དུས་ཚོད་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།