རྔ་བ་རྫོང་གིས་བརྗོད་གཙོའི་སློབ་གསོ་སྐོར་གྱི་ཚོགས་འདུ་འཚོགས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་རྫོང་སྲིད་གྲོས་ཀྱི་ཏང་ཙུའུ་དང་སྲིད་གྲོས་ལས་ཁུངས་ཀྱི་ཀྲི་པུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས། ཞེས་པའི་བརྗོད་གཙོའི་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། རྫོང་སྲིད་གྲོས་ཚན་ཁག་གི་ཁོངས་མི་དང་། ཏང་ཡོན་ཡོངས། ཁོའོ་རིམ་པའི་ལས་བྱེད་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། རྫོང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་གཉིས་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས། ཚོགས་འདུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་མཚོ་ཏེ་ཡིས་གཙོ་སྐྱོང་གནང་བ་རེད།

2.jpg

ཚོགས་འདུའི་ཐོག་རྔ་བ་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཞེས་པའི་བརྗོད་གཙོའི་སློབ་གསོ་ལག་བསྟར་ཇུས་གཞི་སྒྲོག་སྦྱངས་བྱས་པ་དང་། རྫོང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་གཉིས་པའི་ཙུའུ་ཀྲང་གིས་མཛུབ་ཁྲིད་གསུང་བཤད་གནང་།

མཚོ་ཏེས་སྐུལ་སློང་གསུང་བཤད་གནང་བ་དང་། མོས་གཅིག་ནས་བསམ་བློ་གཅིག་གྱུར་དང་བརྗོད་གཙོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། གཉིས་ནས་དམིགས་ཚད་ལ་དམིགས་པ་དང་བརྗོད་གཙོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ། སློབ་སྦྱོང་དང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་གིས་བློ་དཀར་སེམས་དཀར་བྱེད་པ། ལས་སྒོའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་འགན་འཁྲི་འཁུར་བ། ལྟ་ཞིབ་ཀྱི་གནད་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་ཧེ་བག་དང་ཞན་ཆ་གསབ་པ། དག་ཐེར་ཡོ་བསྲང་དོན་འཁྱོལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་ཕན་འབྲས་ཐོན་པར་བྱེད་པ་དང་། གསུམ་ནས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགན་འཁྲི་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ཀྱིས་འགན་འཁུར་དགོས། ཕྱི་ཚུལ་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པའི་རེ་བ་བཏོན། 

3.jpg

མཚོ་ཏེས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་གཙོའི་སློབ་གསོ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རྫོང་ཨུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བརྗོད་གཙོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སེམས་ལ་འཆང་བ། དངོས་སུ་སྐྱོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་ཅེས་བཤད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།