ད་ལོར་ཀྲེ་ཅང་ཞིང་ཆེན་གྱིས་རྔ་བ་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་པའི་རྣམ་གྲངས181སྐྲུན་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  གསར་འགོད་པས་ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཀྲེ་ཅང་ཞིང་ཆེན་གྱིས་རང་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་པའི་རྣམ་གྲངས་182བཀོད་པ་དང་རིགས་མཐུན་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་5.29བཀོད་སྒྲིག་བྱས་པའི་ནང་། མིག་སྔར་རྣམ་གྲངས་181སྐྲུན་མགོ་ཚུགས་པས་སྐྲུན་མགོ་ཚུགས་ཚད་བརྒྱ་ཆ་99.5རུ་བསླེབས།

མིག་སྔའི་བར་དུ་2019ལོར་ཀྲེ་ཅང་ཞིང་ཆེན་གྱིས་རང་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་པའི་རྣམ་གྲངས་21བསྐྲུན་ཟིན་པས་རྣམ་གྲངས་བསྐྲུན་ཚར་ཚད་བརྒྱ་ཆ་12སུ་བསླེབས།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།