རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བ་ནི་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་འཁོར་རེད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་ལས་ཀར་ངོས་འཛིན་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ནས། མུ་མཐུད་དུ་འདྲ་མཉམ་དང་། རོགས་ལས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བསྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད། ཉེ་ཆར། རང་ཁུལ་གྱིས་སྲང་ལམ་དུ་གཅིག་བསྡུས་ཀྱིས་དྲིལ་སྒྲོག་ཉིན་མོ་ཐེངས་གཅིག་སྤེལ་བ་དང་གཅིག་བསྡུས་ཀྱིས་རིགས་གཞུང་སློབ་སྦྱོང་ཐེངས་གཅིག་སྤེལ་བ། གསར་སྐྲུན་སྐོར་གྱི་ཆེད་ལས་བགྲོ་གླེང་ཐེངས་གཅིག་སྤེལ་བ། སློབ་གླིང་དུ་བརྗོད་གཙོ་སློབ་གསོ་ཐེངས་གཅིག་སྤེལ་བ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཐེངས་གཅིག་སྤེལ་བ། དབུལ་ཕོངས་ལ་རོགས་སྐྱོར་བྱ་བའི་བྱེད་སྒོ་ཐེངས་གཅིག་སྤེལ་བ་བཅས་ཞེས་པའི་བྱེད་སྒོ་སྤེལ་བར་དམིགས་ནས། 2019ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་འཁོར་གྱི་བྱེད་སྒོ་སྤེལ་མགོ་ཚུགས་ཡོད།

རྩ་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་སྦྲགས་ནས།《2019ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་ཟླ་འཁོར་སྤེལ་བའི་སྐོར་གྱི་རྔ་བ་ཁུལ་གསར་སྐྲུན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་བརྡ་ཐོ་》བཀྲམ་སྟེ། རྫོང་ཁག(གྲོང་ཁྱེར)སོ་སོ་དང་ཁུལ་རིམ་གྱི་སྡེ་ཁག་སོ་སོས་དྲིལ་སྒྲོག་ཟླ་འཁོར་གྱི་བྱེད་སྒོ་སྤེལ་བའི་ལས་ཀ་དང་ལས་འགན་དང་གཅིག་བུ་དྲུག་གི་བྱེད་སྒོ་སྤེལ་དགོས་པའི་བསླབ་བྱ་གནང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།