ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཏང་ཨུས་“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོ་འཆིངས”ཞེས་པའི་བརྗོད་དོན་སློབ་གསོའི་གཅིག་བསྡུས་སློབ་སྦྱོང་དང་དཔྱད་གླེང་ཉིན་ལྔ་བར་སླེབས། ཉིན་དེའི་སྔ་དྲོར། རྔ་བ་ཁུལ་ཏང་ཨུས“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོ་འཆིངས”ཞེས་པའི་བརྗོད་དོན་སློབ་གསོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱེད་པའི་ཚོགས་འདུ་འབར་ཁམས་ནས་བསྡུས། རྔ་བ་ཁུལ་ཏང་ཨུས་ལས་རིགས་སོ་སོ་དང་ལས་གནས་སོ་སོ་ནས་བདམས་པའི་ཕུལ་བྱུང་སྔོན་ཐོན་མི་སྣ10དང་། འབར་ཁམས་ས་ཁུལ་གྱི་ཁུལ་རིམ་པའི་སྡེ་ཁག་དང་རྫོང་རིམ་པ་གཞོན་པའི་འགོ་ཁྲིད་དང་ཏང་ཡོན་འཐུས་ཚབ་པ་ཁག་གཅིག་སྙན་ཞུ་ཚོགས་འདུའི་ནང་ཞུགས།
སྙན་ཞུ་ཚོགས་འདུའི་རྗེས་སུ་ཕུལ་བྱུང་འཐུས་ཚབ་པ10བོ་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱེད་པའི་སྐོར་ཁག་གསུམ་དུ་ཕྱེ་ནས་རྔ་བ་ཁུལ་གྱི་རྫོང13ལ་སྒྲོག་སྦྱོང་བྱེད་པར་འགྲོ་རྒྱུ་རེད།
ཉིན་དེའི་ཕྱི་དྲོར། ཁུལ་ཐད་གཏོགས་ལས་ཁུངས་སོ་སོས་ཏང་གི་འཛུགས་སྐྲུན་བྱ་བ་དང་འབྲེལ་བའི་ཆེད་དོན་སློབ་སྦྱོང་བྱེད་པར་ཤུགས་བསྣན་པ་མ་ཟད། གཅིག་བསྡུས་སྒོས་ལོ་རྒྱུས་དངོས་བཤུས་གློག་བརྙན《རྒན་རྒོན་ཞིག་ཏང་ནང་ཞུགས་པའི་ལོ་རྒྱུས》དང《བོད་རིགས་དམར་དམག་རྒན་པ་ཐེན་པའོ》《ཆའང་རིགས་དམར་དམག་རྒན་པ་ཧི་ཡུ་ནུང་》ཞེས་པར་གཟིགས་ཞིབ་གནང་། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
རྔ་བ་ཁུལ་ཨུས“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོ་འཆིངས”ཞེས་པའི་བརྗོད་དོན་སློབ་གསོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་བསྡུས།