མཛོད་དགེ་རྫོང་གིས་གྲོང་མིའི་བདེ་ཐང་སློབ་གསོའི་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། མཛོད་དགེ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་སྟག་ཚ་དགོན་གྲོང་རྡལ་གཞིས་ཁུལ་ཞབས་ཞུ་ལྟེ་གནས་ཀྱིས་བདེ་ཐང་འཚོ་བའི“ཉུང་གཏོང་གསུམ་དང་བདེ་ཐང་གསུམ”གྱི་གཞི་རྩའི་ཤེས་བྱ་དང་། དེ་བཞིན་ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་སོགས་ལ་དམིགས་ནས་བོད་རྒྱ་སྐད་གཉིས་ཀྱི་རྣམ་པའི་ཐོག་ནས་གྲོང་མིའི་བདེ་ཐང་སློབ་གསོའི་ཤེས་བྱ་འཆད་ཁྲིད་དང་། དེ་བཞིན་བདེ་ཐང་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 

ཐེངས་འདིའི་བྱེད་སྒོའི་ཐོག་བདེ་ཐང་བློ་འདྲི་བྱེད་ཡུལ་གྱིས་མི་གྲངས280ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་དང་། མི་ཐེངས145ལྷག་ལ་ཤེས་བྱའི་སྐོར་གྱི་འཆད་ཁྲིད་བྱས། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་ཡིག་ཆ600ལྷག་ཙམ་བཀྲམས། དྲིལ་བསྒྲགས་ཆར་གདུགས60སྤྲད་ནས་དྲིལ་བསྒྲགས་བྱ་བར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།