སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གིས《རྫ་ཆུ་ཁ་སོ་ལྟ་བྱེད》ཅེས་པའི་བརྙན་ལེན་བརྩམས་ཆོས་ལ་བྱ་དགའ་ཆེན་པོ་གསུམ་རག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས21ཉིན། དཀར་མཛེས་ཁུལ་མི་དམངས་ཁྲིམས་ཁང་གིས་འོས་སྦྱོར་བྱས་པའི་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གིས་བརྙན་ཕབ་བྱས་པའི་《རྫ་ཆུ་ཁ་སོ་ལྟ་བྱེད་》ཅེས་པར་རྒྱལ་ཡོངས་ཀྱི་སྐབས་བཞི་པའི་ལྷིང་འཇགས་ཀྲུང་གོའི་“ཆུང་གྲས་གསུམ”གྱི་འགྲན་བསྡུར་ནང་གློག་བརྙན་ཆུང་གྲས་ཀྱི་བྱ་དགའ་ཐོབ་པ་རེད། ཉིན་དེར་ཁྲིམས་ཁང་ལས་རིགས་ཀྱི་ཨའོ་སི་ཁ་ཞེས་པའི་སྐབས་དྲུག་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་ཅེས་པའི་གློག་བརྙན་ཆུང་གྲས་དང་བརྙན་འཕྲིན་འགུལ་རིས་ཆུང་གྲས་ལ་བྱ་དགའ་སྤྲོད་པའི་འདུ་ཚོགས་ཐོག《རྫ་ཆུ་ཁ་སོ་ལྟ་བྱེད་》ཅེས་པར་བརྩམས་ཆོས44ཡི་ཁྲོད་ནས་འབུར་དུ་ཐོན་ཏེ་དཔྱད་བསྡུར་ཨུ་ལྷན་གྱི་དམིགས་བསལ་བྱ་དགའ་དང་ཆེས་ཡག་པོའི་གློག་བརྙན་བྱ་དགའ་ཐོབ་པ་རེད། དེའི་ནང་དཔྱད་བསྡུར་ཨུ་ལྷན་གྱིས་དམིགས་བསལ་བྱ་དགའ་སྤྲད་པ་ནི་རྒྱལ་ཡོངས་སུ་འདི་གཉིས་མ་གཏོགས་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《རྫ་ཆུ་ཁ་སོ་ལྟ་བྱེད་》ཅེས་པའི་བརྙན་རིས་བརྩམས་ཆོས་འདི་ནི་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ནས་སློབ་མཐའ་ཕྱིན་པའི་ཞུའེ་ཁའེ་ཁྲུའུ་མཚོ་འཕགས་སྨི4200ཡོད་པའི་ཆ་རྐྱེན་ཞན་ལ་དཀའ་ཚེགས་ཆེ་བའི་སེར་ཤུལ་རྫོང་དུ་ལས་ཀ་སྒྲུབ་སར་ཕྱིན་པའི་གཏམ་རྒྱུད་རེད། བརྩམས་ཆོས་འདིའི་ནང་ཁོས་རང་ཉིད་སེམས་ནང་གི་དཔལ་བོ་སྟེ་གཞི་རིམ་ཁྲིམས་ཁང་དུ་ལོ39རིང་ལ་བརྟན་སྲུང་བྱས་པའི་ཁྲིམས་དཔོན་ལུའོ་ཅང་དབྱི་རྙེད་ནས་བོད་ཁུལ་གྱི་ཁྲིམས་འཛིན་ལས་ཀར་དེ་བས་ངོས་འཛིན་ཟབ་མོ་བྱུང་བའི་བརྒྱུད་རིམ་ལྷུག་བརྗོད་བྱས་པ་རེད།

བརྩམས་ཆོས་འདི་ནི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པའི་བརྗོད་དོན་དང་འབྲེལ་ནས། ཞིང་ཆེན་སྲིད་ཁྲིམས་མ་ལག་གི་སྔོན་ཐོན་མི་སྒེར་ཏེ་སེར་ཤུལ་རྫོང་ཁྲིམས་ཁང་ལོ་ཆུང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལུའོ་ཅང་དབྱི་གི་མཛད་རྗེས་ལ་གཞིགས་ནས་བསྐྱར་སྒྲིག་བྱས་པ་ཡིན་པས། གངས་ལྗོངས་མཐོ་སྒང་དུ་བརྟན་སྲུང་བྱེད་བཞིན་པའི་ཁྲིམས་དཔོན་གྱི་དྲང་གཞག་དང་དྲང་བདེན་གྱི་རྣམ་པ་མཚོན་ཡོད་པར་མ་ཟད།ད་དུང་མི་རབས་གསར་པའི་ལོ་ཆུང་ཁྲིམས་དཔོན་དག་ལ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འབད་པ་ཆེར་སྐྱེད་ངང་མདུན་སྐྱེད་བྱེད་པར་སྐུལ་མ་གཏོང་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་རེད།། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།