དཀར་མཛེས་ཁུལ་གེ་སར་གནམ་ཐང་།

010.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་28ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་རི་ཚོགས་ཁྲོད། ཀྲུང་གོའི་ཝོའུ་ཐའེ་བཟོ་ཚོགས་ཀྱིས་ལོ་གཉིས་ལྷག་ཙམ་རིང་འཛུགས་བསྐྲུན་བྱས་པའི་གེ་སར་གནམ་ཐང་གི་གནམ་ཐང་འབབས་ཚུགས་བཟོ་སྐྲུན་ལེགས་འགྲུབ་བྱུང་ནས་རྩིས་སྤྲོད་བྱས་ཤིང་། དེས་གནམ་ཐང་དེ་རུ་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། ལོ་གཅིག་ལྷག་ཙམ་རིང་འཛུགས་སྐྲུན་པ་ཚོས་དཀའ་སྤྱད་འབད་བརྩོན་དང་ཉིན་མཚན་དབྱེར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཉིན་གཅིག་ཡང་འཐུས་ཤོར་མི་འགྲོ་བ་དང་། ཉིན་གཅིག་ལ་ཡང་ལྷོད་གཡེང་མི་བྱེད་པ། དཀའ་ངལ་ཁྱད་བསད་བཅས་བྱས་ཏེ་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཐོག་མཛེས་སྡུག་ལྡན་པའི“མཁའ་ལམ”གསར་པ་ཞིག་གསར་ཏུ་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།