མཛོད་དགེ་རྫོང་གིས་ཞིང་བ་ལས་བཟོ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས།

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8ཚེས་27ཉིན་མཛོད་དགེ་རྫོང་གི་2019ལོའི་ཞིང་བ་ལས་བཟོ་བའི་རྗེས་གྲབས་ལས་བྱེད་དང་ཞིང་བ་ལས་བཟོ་བ་ཕུལ་བྱུང་གི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་མགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་(རྟ་ར།)17གྱི་ཞིང་བ་ལས་བཟོ་བའི་རྗེས་གྲབས་ལས་བྱེད་པ་དང་ཞིང་བ་ལས་བཟོ་བ་ཕུལ་བྱུང་སོགས་སློབ་མ་40མཛད་སྒོར་ཞུགས་པ་རེད། 

1.jpg

འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། རིམ་ཁག་གིས་གནས་བབ་མཐོ་རུ་བཏང་ནས་ཞིང་བ་ལས་བཟོ་བའི་ལས་དོན་ཡག་པོ་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་སྟེ། ཞིང་བ་ལས་བཟོ་བ་ནི་འཛུགས་སྐྲུན་གྱི་སྟོབས་གསར་དཔུང་ཁག་ཡིན་པས་ཞིང་བ་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་ཆེད་དུ་སེམས་ཁུར་དང་འགན་སྲུང་ཏན་ཏིག་བྱེད་དགོས་ལ། སློབ་མ་ཚོས་སྦྱངས་པ་གོ་ཆོད་དང་གཙོ་གནད་མངོན་དོད་སྒོས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ་དབུལ་བྲལ་གནད་སྒྲོལ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས། ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཞིང་ལས་ཐོན་ལས་འཆར་འགོད་སོགས་ཀྱི་ཐད་སློབ་སྦྱོང་ལ་ཤུགས་བསྐྱེད་ནས་རྩལ་ནུས་ཆེ་རུ་གཏོང་དགོས། ཐེངས་འདིའི་གསོ་སྦྱོང་དེ་རང་ཉིད་མཐོར་འདེགས་གཏོང་བའི་གོ་སྐབས་ཤིག་ཏུ་བརྩིས་ནས་རྣམ་འགྱུར་ལེགས་པོ་དང་སེམས་ཤུགས་གཅིག་སྒྲིལ། ཧུར་བརྩོན་རང་འགུལ་དང་དོན་དངོས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ནས་གྲོང་གསེབ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཕྱུག་འགྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། 

2.jpg

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་ལ། གསོ་སྦྱོང་གི་ནང་དོན་ནི་ལས་ཞུགས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག ཟུང་འབྲེལ་གསུམ་གྱི་བབ་བསྟུན་གསོ་ཚགས་བཅའ་ཁྲིམས། གློག་བཟོ་ལས་ཀྱི་རྨང་གཞིའི་ཤེས་བྱ། ཕུལ་བྱུང་ཞིང་བཟོ་བ་གསོ་སྐྱོང་སྲིད་ཇུས་སོགས་ཡིན་པ་རེད། 

སློབ་མ་སུའུ་ཅ་ཡིས། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཅུང་ཐུང་མོད། ནང་དོན་ཕུན་སུམ་ཚོགས་པས་དམིགས་སའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེས་ཆེར་ལྡན་ལ། ངས་བློ་སེམས་རྣལ་དུ་ཕབ་ཏེ་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་ནས། རང་རྒྱུད་ལ་ཤེས་བྱ་འབྱོར་ཅི་ཐུབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།