འཛམ་ཐང་གི་མཐོ་སྒང་གི་མཐོ་རིམ་ཚན་རྩལ་ཞིང་ལས་རྟེན་གཞི།

00.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཐོ་སྒང་གི་འབྲོག་པས་རང་ཉིད་ཀྱིས་འདེབས་འཛུགས་བྱས་པའི་ཆུ་ཀུབ་དང་ཤིང་ཏོག་ཟ་ཐུབ་པ་བྱུང་བ་མ་ཟད། ད་དུང་དྲོད་ཁང་དུ་འདེབས་འཛུགས་བྱས་པའི་ཤིང་ཏོག་རིགས་འབར་ཁམས་དང་ཁྲེང་ཏུའུ་རུ་ཕྱིར་ཚོང་བྱེད་བཞིན་ཡོད། ” ཟླ་8པའི་ཚེས་2ཉིན། འཛམ་ཐང་རྫོང་ཀ་རྡོ་ཤང་ཆེ་ལོ་མ་གྲོང་ཚོའི་མན་དབྱང་ཞིང་ལས་ཡུལ་སྐོར་མཉམ་ལས་དཔེ་སྟོན་རྟེན་གཞིའི་གྲོང་མི་དབང་འདུལ་གྱིས་སྒོ་འགྲམ་དུ་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་མང་པོ་བཏབ་ཡོད། མིག་སྔར་ཀ་རྡོ་ཤང་ཆེ་ལོ་མ་གྲོང་ཚོའི་མན་དབྱང་ཞིང་ལས་ཡུལ་སྐོར་མཉམ་ལས་དཔེ་སྟོན་རྟེན་གཞིས་ཞིང་ཆུ་འདྲེན་གཏོང་དང་རིག་ནུས་ཚོད་འཛིན་མ་ལག་བསྐྲུན་ཟིན་པ་དང་། སྨི་གྲུ་བཞི་མ1300ཟིན་པའི་ཤེལ་སྒོའི་དྲོད་ཁང་སྤྱོད་འགོ་ཚུགས། འདེབས་འཛུགས་བྱས་པའི་ཤིང་ཏོག་དང་། པད་མ་དཀར་པོ། པད་ཁ། སྔོ་ཚལ། ཞིས་ཧོའུ་ཆུ་ཀུབ་སོགས་ཤིང་འབྲས་དང་སྔོ་ཚལ་སྨིན་ནས་ཁྲོམ་རའི་སྟེང་ཕྱིར་ཚོང་བྱས་ཡོད་པ་རེད། དེས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་25ཡི་མི་127དབུལ་ཐར་འགག་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།