སི་ཁྲོན་བོད་ཁུལ་དུ་ཐུ་བྷོད་དུས་སྐབས་ཀྱི་བྲག་བརྐོས་ཤུལ་རྗེས་ཤིག་རྙེད་པ།

1124918825_15667225934211n.jpg

1124918825_15667225934491n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས10ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གཏེར་ལུང་ཤང་དཔལ་འབར་གྲོང་ཚོ་ནས་ལོ་རྒྱུས་ཀྱི་ཤུལ་རྗེས་གསར་བ་ཞིག་རྙེད་པ་རེད། ཆེད་མཁས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་ལོ་རྒྱུས་ཀྱི་ཤུལ་རྗེས་དེ་དག་ལ་རྟོག་ཞིབ་དང་གསལ་འབྱེད་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་ཤུལ་རྗེས་དེ་ནི་ཐུ་བྷོད་དུས་སྐབས(དུས་རབས9པ)ཀྱི་བྲག་བརྐོས་ཤུལ་རྗེས་ཡིན་པ་ཐོག་མར་ཐག་གཅོད་གཏན་ཁེལ་བྱས། རྒྱུས་ལོན་པ་ལྟར་ན། འདི་ནི་ས་གནས་དེ་གར་རྙེད་པའི་ཐུ་བྷོད་དུས་སྐབས་ཀྱི་ཤུལ་རྗེས་ཐོག་མ་ཡིན་ལ་ཐང་བོད་གནའ་ལམ་དང་ཡང་འབྲེལ་བ་ཡོད་པར་བཤད། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།