སི་ཁྲོན་རྔ་པའི་དྲག་ཆར་གེགས་ཁུལ་གྱི་རླངས་འཁོར7000ལྷག་བདེ་བླག་ངང་ཁ་བཀྲམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས20ཉིན་གྱི་ཐོ་རེངས་སུ། རྒྱུན་མཐུད་དྲག་ཆར་བབས་རྐྱེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་བགྲོད་ལམ་མང་དག་ཅིག་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་རྐྱེན་གྱིས་ཆད་པས། G347རྒྱུད་ཀྱི་མའོ་རྫོང་ནས་པེ་ཁྲོན་དབར་གྱི་ལམ་དུམ་དེ་བསྐོར་ནས་རྔ་པ་ཁུལ་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་ཉག་གཅིག་པུར་གྱུར།

ཚེས21ཉིན་གྱི་ཆུ་ཚོད16ལ། པེ་ཁྲོན་གྱིས་ཉེན་རྟོག་པ་མི་ཐེངས300ལྷག་མངགས་ནས། རྫོང་ཁོངས་ཀྱི་རླངས་འཁོར་འགག་སར་ལམ་དུམ་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པ་དང་ལམ་དུམ་དབྱེ་ནས་གློད་པའི་བྱེད་ཐབས་སྤྱད་པ་དང་ཆབས་ཅིག ཏུན་ཧྲང་དང་ཡུས་ལིའི་ལམ་རྒྱུད་དུ་རྒྱང་སྣེའི་བཀོད་འདོམས་བྱས་ཏེ། མཚོ་སྐོར་ལམ་དུ་རླངས་འཁོར་འགག་སྐབས་རྒྱང་སྣེའི་ཁག་བགོས་གློད་གཏོང་བྱས་ཏེ། རླངས་འཁོར7000ལྷག་བདེ་འཇགས་ངང་ཁ་བཀྲམ་པ་རེད།

G347རྒྱུད་ཀྱི་པེ་ཁྲོན་དུམ་བུ་ནི་རི་ཁུལ་དུ་གནས་པས། ཀྱག་ཀྱོག་ཆེ་བ་དང་ལྷག་པར་ཏུ་ཡུས་ལི་ནས་རེན་ཅཱ་ཕིང་དབར་གྱི་དུམ་བུ་བརྒྱུད་པར་ཐང་ཅཱ་ཧྲན་གྱི་འཁྱིལ་མཚོ་སྐོར་བའི་ལམ་དུམ་དང་ཉམས་བཟོ་བྱེད་བཞིན་པའི་ཕུག་ལམ་3བརྒྱུད་དགོས་པས། རླངས་འཁོར་འགག་སླ་པོ་ཡོད། དེར་བརྟེན་པེ་ཁྲོན་གྱིས་འཕྲལ་དུ་ཤར་གཏོང་འགན་ལེན་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་བཙུགས་ནས། བགྲོད་ལམ་ཤར་གཏོང་ལ་འགན་ལེན་བྱས་པ་རེད།

མིག་སྔར། G347རྒྱུད་ཀྱི་པེ་ཁྲོན་དུམ་བུར་རླངས་འཁོར་གྱི་འགྲོ་བཞུད་གནས་ཚུལ་ལ་གཞིགས་ནས། ཁག་བགོས་གློད་གཏོང་བྱེད་ཀྱི་ཡོད་པ་སྟེ། ཕྱོགས་རྐྱང་བར་གློད་གཏོང་བྱེད་ཡུན་ཆུ་ཚོད2ནས3བར་རེད། པེ་ཁྲོན་སྤྱི་བདེ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྔ་པ་ཁུལ་གྱི་བགྲོད་ལམ་མྱུར་བཟོ་བྱེད་པའི་སྒང་ཡིན་སྟབས། G347རྒྱུད་ཀྱི་པེ་ཁྲོན་དུམ་བུར་སྔར་བཞིན་བཀག་འགོག་བྱེད་ཀྱི་ཡོད་པས། རྒྱ་ཆེའི་ཁ་ལོ་བ་ཚོས་ས་གནས་ས་ཐོག་གི་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལྟར་ངང་རྒྱུད་རིང་པོས་སྒུག་དགོས་ཀྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།