​མཛོད་དགེའི་མཚོ་ཁྲ་དང་རྨ་ཆུའི་ཁུག་པ་དང་པོའི་མཛེས་ལྗོངས་ཁུལ་དུ་དབྱར་གསེང་གི་ཡུལ་སྐོར་སྣེ་ལེན་བྱེད་མང་ཤོས་དུས་སུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གསེང་རྫོགས་གྲབས་ཡོད་པའི་མཚམས་སུ་མཛོད་དགེའི་མཚོ་ཁྲ་དང་རྨ་ཆུའི་ཁུག་པ་དང་པོའི་མཛེས་ལྗོངས་ཁུལ་དུ་དབྱར་གསེང་རིང་གི་ཡུལ་སྐོར་སྣེ་ལེན་བྱེད་མང་ཤོས་ཀྱི་དུས་སུ་སླེབས་པ་དང་། རྩྭ་ཐང་གི་མཛེས་ལྗོངས་ལ་ལྟ་བར་ཡོང་མཁན་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་རྒྱུན་མཐུད་ནས་མང་དུ་ཕྱིན་པ་རེད།

ད་ལོའི་མཛོད་དགེ་རྫོང་གི་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བའི་མི་འབོར་རྒྱུན་མཐུད་ནས་མང་དུ་ཤུགས་ཆེན་འགྲོ་བའི་རྣམ་པ་ཐོན་ནས། ཡུལ་སྐོར་བའི་མི་འབོར་དང་སྤ་སེ་བཙོངས་པའི་ཡོང་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། མཛེས་ལྗོངས་ཁུལ་གྱི“མཁྲེགས་ཆས”དང“མཉེན་ཆས”གཉིས་ཀར་འགྲན་སློང་དང་ཚོད་བགམ་གསར་པ་འཕྲད་ཅིང་། རྫོང་ཨུད་དང་སྲིད་གཞུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོ་དམ་ལམ་སྲོལ་གསར་གཏོད་བྱེད་པ་དང་། “དྲ་མིག”གི་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཐོག མཛེས་ལྗོངས་ཁུལ་གྱི་དཀའ་གནད་བསལ་ཏེ། ཞབས་ཞུའི་སྤུས་རྟགས་བཏོད་པས། མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ། ཡུལ་སྐོར་བར་བདེ་འཇགས་ལྡན་ལ་གནས་བཟོད་བདེ་བའི་ཡུལ་སྐོར་ཁོར་ཡུག་ཅིག་བཏོད་པ་རེད།

ས་ཁུལ་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་དུས་ཆེན་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྣོད་བཅུད་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་བཅས་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་འཚེར་སར་གྱུར་པ་མ་ཟད། ཁྱིམ་ཚང་རྣམ་པ་དང་རོགས་སྒྲིག་རྣམ་པ་སོགས་ཀྱི་ལམ་ཐུང་ཡུལ་སྐོར་དང་རང་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་ཕྱིར་སྐྱོད་རྣམ་པ་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་ཡོད། འདི་ལོ་ཤར་ཚུན་དུ་མཛོད་དགེ་རྫོང་གི་མཛེས་ལྗོངས་ཁུལ་ཁག་གིས་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི38ཡས་མས་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས56%འཕར་བ་དང་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་ཁྲི2600ཡས་མས་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།