སི་ཁྲོན་ཞིང་ཆེན་གྱིས་ཆེད་སྦྱོང་ཚན་ཁག་གི་སྔོན་ལ་སློབ་བསྡུའི་བྱ་བ་མཇུག་སྒྲིལ་ཞིང་སྤྱི་བསྡོམས་པས་སློབ་མ་གསར་པ1799བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཞིང་ཆེན་མཐོ་རྒྱུགས་སློབ་བསྡུ་ཁང་ནས་ཤེས་རྟོགས་བྱུང་བར། 2019ལོར་སི་ཁྲོན་ཞིང་ཆེན་གྱི་ཆེད་སྦྱོང་ཚན་ཁག་གི་སྔོན་ལ་སློབ་བསྡུ་བྱས་པའི་ལས་དོན་བདེ་ལེགས་ངང་མཇུག་སྒྲིལ། 

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་སྦྱོང་སློབ་མ་སྔོན་ལ་བསྡུ་བར་ཁེར་རྐྱང་དུ་ཁ་རྒྱུགས་ལེན་པར་ཞུགས་པའི་སློབ་གླིང་ལ། སྤྱི་བདེ་སློབ་གླིང་ཆེད་སྦྱོང་ཚན་ཁག་དང་མཁའ་འགྲུལ་ཞབས་ཞུའི་ཆེད་སྦྱོང་ཚན་ཁག  དེ་བཞིན་མཚོ་འགྲུལ་རིགས་ཀྱི་ཆེད་སྦྱོང་ཚན་ཁག  ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཡོན་མི་དགོས་པའི(གཞུང་གྲོན་གཏོང་བའི)དགེ་འོས་ཆེད་སྦྱོང་ཚན་ཁག་བཅས་ཡོད་ཅིང་། ཐེངས་འདིའི་སློབ་བསྡུ་ལ་ཁྱོན་བསྡོམས་སློབ་གླིང་44ཡོད་པ་དང་། སློབ་མ་གསར་པ་1799བསྡུས་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།