​སི་ཁྲོན་གྱིས་དབུལ་ཐར་འགག་སྒྲོལ་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲེ་ཅང་དང་སི་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཡོངས་རྫོགས་ཞིང་ཆེན་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སློབ་སྦྱོང་བྱེད་ཞོར་དང་བརྟག་ཞིབ་གནང་ཞོར་བསམ་པའི་འདུ་ཤེས་དང་མྱོང་ཚོར་ཇེ་ཟབ་ཏུ་བཏང་ནས་གནད་དོན་དངོས་ཐག་གཅོད་བྱས། 

སི་ཁྲོན་གྱིས་དབུལ་ཐར་འགག་སྒྲོལ་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་ཞིབ་བཤེར་བྱས། 

 བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གིས་ཉིན་ལྔའི་དུས་ཚོད་སྤྱད་དེ་གཅིག་སྡུད་ཀྱིས་མ་རྩོམ་ཀློག་པ་དང་རྩ་བའི་རིགས་པར་སློབ་སྦྱོང་བྱས། 

 ད་ལྟ་ནི་སི་ཁྲོན་གྱི་དབུལ་ཐར་འགག་སྒྲོལ་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་དབྱི་རིགས་འདུས་སྡོད་ཆེས་མང་བའི་ལིའང་ཧྲན་ས་ཁུལ་ལ་དབུལ་ཐར་འགག་སྒྲོལ་གྱི་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་པུ་ཐོ་དང་ཅིན་དབྱང་སོགས་ཀྱི་རྫོང་དུ་སྔར་བཞིན་གནད་དོན་ཁག་གཅིག་གནས་ཡོད། 

ཡུལ་དངོས་སུ་བརྟག་ཞིབ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་སུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་66761ནང་བསྐྱར་ལོག་དབུལ་པོའི་མི་སྣ་དེ་བསྐྱར་ལོག་དབུལ་པོའི་མི་གྲངས་ལྟར་ཐག་གཅོད་བྱས་མེད་པ་དང་། རོགས་སྐྱོར་ལག་དེབ་དང་དངོས་ཡོད་གནས་ཚུལ་གཉིས་ཀྱི་ཧེ་བག་ཆེན་པོ་ལྡན་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་རེད། 

 དེར་བརྟེན་སི་ཁྲོན་ཞིང་ཆེན་གྱིས“ཕྱིར་མིག་ལྟ་བའི”གྲལ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་གྱི་དབུལ་ཐར་འགན་འཁྲི་ཡོད་པའི་རྫོང་161ལ་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ཞིབ་བསྡུར་བྱས་ནས་གོ་རིམ་ལྡན་པའི་ངང་དག་ཐེར་ལ་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།