དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཉེན་མེད་འདུས་སྡེ་ཁུལ་གྱི་དམངས་འཚོ་ལས་གྲྭའི་ལས་འགན་ལ་སྐུལ་འདེད་གཏོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་གྱིས་སྤྲད་པའི་དམངས་འཚོའི་ལས་འགན་གྱི་དམིགས་ཡུལ30ཡི་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་འགན་ལ་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

གཅིག་ནས་གཏན་འཁེལ་བྱས་པའི་དམིགས་ཡུལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་ཆེན་གྱིས་སྤྲད་པའི་དམངས་འཚོའི་ལས་འགན་གྱི་དམིགས་ཡུལ30ཡི་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་འགན་ལ་དམ་པོར་དམིགས་ནས། ཞིང་ཆེན་གྱིས་སྤྲད་པའི་ཞིང་ཆེན་རིམ་པའི་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱེད་ཡས་ཀྱི་མ་དངུལ་སྒོར་ཁྲི25དུས་ཐོག་ཏུ་འཛུགས་སྐྲུན་སྡེ་ཚན་རྟའུ་རྫོང་གཤིས་ཆུ་གྲོང་བརྡལ་ལ་གཏོང་སྤྲོད་བྱས་པ་རེད། ཁུལ་དང་རྫོང﹙གྲོང་ཁྱེར﹚བབ་བསྟུན་དོ་དམ་ཅུས་ཀྱིས་སྤྱི་བདེ་དང་སློབ་གསོ། འགྲིམ་འགྲུལ་སོགས་ལས་རིགས་གཙོ་གཉེར་སྡེ་ཚན་སྣེ་ཁྲིད་བྱས་ཏེ་འཛུགས་སྐྲུན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་དོན་སྤེལ་བར་མཛུབ་ཁྲིད་དང་མཐུན་སྦྱོར་རོགས་འདེགས་བྱས་ཤིང་། འཛུགས་སྐྲུན་སྡེ་ཚན་གྱིས་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་པ་རེད། མིག་སྔར་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་གྱི་ཞིང་ཆེན་རིམ་པའི་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱེད་སྟངས་འདི་ཞིང་ཆེན་ཡོངས་ཀྱི7+N གྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་ནས། ཕྱི་བཀོད་འཛུགས་སྐྲུན་གཞི་རྩའི་ཆ་ནས་འགྲུབ་ཟིན་པ་དང་ནང་བཀོད་སྒྲིག་ཆས་ཚང་མ་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་རེད། ལས་གཞིའི་མ་དངུལ་སྒོར་ཁྲི18.75སྤྱད་པ་དེས་སྔོན་རྩིས་བཀོད་སྒྲིག་གི་བསྡུར་ཚད་ལས་བརྒྱ་ཆ75བཟུང་བ་རེད།

གཉིས་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ་དུད་ཚང་སོ་སོར་ཕྱིན་ནས་བཅར་འདྲི་དང་འདྲི་ཤོག་བརྟག་དཔྱད། འགན་ནུས་སྡེ་ཁག་གིས་གཞི་གྲངས་བསྡུ་རུབ་དང་ཉེན་ཁ་དབྱེ་ཞིབ་སོགས་ཀྱི་བྱེད་སྟངས་སྤྱད་ནས་མང་ཚོགས་ཀྱིས་དོ་ཁུར་བྱས་པའི་ཁྱིམ་གཞིས་ཉེན་མེད་དང་འགྲིམ་འགྲུལ་ཉེན་མེད། ལས་ཀའི་བྱ་ཡུལ་ཉེན་མེད། སྤྱི་ཚོགས་སྒྲིག་ལམ་བདེ་འཇགས་སོགས་ཕྱོགས་བརྒྱད་ཀྱི་ཐད་ལ་དམ་པོར་དམིགས་ཏེ་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་སྐྲུན་དང་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན། རླངས་འཁོར་འཇོག་ས་ལེགས་བཅོས། འགྲིམ་འགྲུལ་མཛུབ་སྟོན། ཆུ་དང་འབྲེལ་བའི་ཉེན་མེད། རྩྭ་ཐང་མེ་འགོག དགོན་སྡེའི་མེ་ཟོན་ཉེན་མེད། མེ་ཟོན་ས་ཚུགས་ཆུང་གྲས་འཛུགས་སྐྲུན། གཞིས་ལུས་བྱིས་པར་གཅེས་སྐྱོང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་དག་ཐེར་བཅོས་སྐྱོང་སོགས་ཀྱི་ཉེན་མེད་ལས་གཞི16ལག་བསྟར་བྱས་ནས་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱེད་པར་ཕན་འབྲས་ཐོབ་གང་ཐུབ་བྱས་པར་འགན་སྲུང་བྱས་པ་རེད།

གསུམ་ནས་ནུས་ཤུགས་ཡོད་རྒུས་ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབས་ནས་ཉེན་མེད་འདུས་སྡེ་ཁུལ་འཛུགས་སྐྱོང་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་དང་ཡུལ་གྲོང་དར་རྒྱས། དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ནང་མ་སྐུལ་དང་བླངས་ཀྱིས་མཉམ་འདྲེས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཉེན་མེད་རིག་གནས་དྲིལ་བསྒྲགས་བྱེད་ས་དང་མཚོན་རྟགས་བྱང་བུ་ཞིབ་ཚགས་བཟོས་ནས་བོད་སྡེའི་ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པོ་བྱས་པ་རེད། ཉེན་མེད་ཐོན་སྐྱེད་ཀྱིས་དབུལ་ཐར་འགག་སྒྲོལ་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དྲིལ་བསྒྲགས་ཁྲིད་སྟོན་དང་ཡུལ་ཤོག་གིས་སྣེ་ཁྲིད། གྲོང་མི་ཞུགས་པ་བཅས་བྱས་ནས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོའི་ལས་གཞི། གློག་ཤུགས་བཀོལ་སྤྱོད་སོགས་ཀྱི་ཐད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྐོང་འཐེན་ཞིབ་བཤེར་བྱས་པ་དང་། ཞིང་པའི་མཚན་མོའི་སློབ་གྲྭ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དུས་བཀག་ལྟར་ཉེན་མེད་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བྱས་ཏེ། དོན་རྐྱེན་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ལས་འཛོལ་བྱུང་ནས་དབུལ་ཕོངས་སུ་ཕྱིར་ལོག་པའི་རྣམ་པ་སྔོན་འགོག་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།