འགྲོ་བ་བཟང་མོ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་8ཉིན། འཛམ་ཐང་བར་མ་གྲོང་རྡལ་གྱི་ཛམ་བྷ་ལའི་ཐང་ཆེན་དུ་ཛམ་བྷ་ལའི་བོད་ཀྱི་ཟློས་གར་ཚོགས་པས་«འགྲོ་བ་བཟང་མོ»འཁྲབ་སྟོན་བྱས། 

2.jpg

དེ་ནི་2019ལོའི་ཛམ་བྷ་ལའི་དུས་སྟོན་གྱི་འཁྲབ་ཚན་ཞིག་ཡིན་པར་མ་ཟད། ཛམ་བྷ་ལའི་བོད་ཀྱི་ཟློས་གར་ཚོགས་པས་གསར་དུ་བསྒྲིགས་པའི་འཁྲབ་གཞུང་ཞིག་ཡིན་རབས་བཤད་ལ། དེར་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས། 

4.jpg

ཟློས་གར་«འགྲོ་བ་བཟང་མོ་»ནི་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཏེ། སྔར་མོན་ཡུལ་རྟ་དབང་ཁུལ་གྱི་མཎྜལ་སྒང་ལ་བྲམ་ཟེ་བགྲེས་སོང་ཞིག་ལ་བུ་མོ་འགྲོ་བ་བཟང་མོ་ཞེས་པ་ཞིག་ཡོད་པར། མོ་ཉིད་མི་འདོད་བཞིན་དུ་རྒྱལ་པོའི་བཙུན་མོར་འགྲོ་དགོས་བྱུང་ཞིང་། མི་ངན་གྱིས་གནོད་འཚེ་དྲག་པོ་བསྐྱལ་བ་བཟོད་མ་ཐུབ་པར་བརྟེན་རང་ཉིད་མཁའ་འགྲོའི་ཡུལ་དུ་གཤེགས་པ་དང་། རང་གི་བུ་དང་། བུ་མོ་མིའི་ཡུལ་དུ་ལུས་པ་དེ་གཉིས་མི་ངན་གྱིས་གསོད་ཐབས་སྣ་ཚོགས་བྱས་ཀྱང་མ་ཤི་བའི་མཐར། བུ་དེས་རང་ལོ་ལོངས་ནས་མི་ངན་བསད་དེ་དགྲ་ཤ་བླངས་པའི་ལོ་རྒྱུས་རྣམས་གཞིར་བཞག་ནས་བསྒྲིགས་པ་ཞིག་ཡིན་པར་བཤད་དོ། །   

5.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།