2019ལོའི་ཛམ་བྷ་ལའི་དུས་སྟོན།

1_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་8ཉིན། འཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་གཙོ་བྱས་ཤིང་། མང་ཚོགས་རྣམས་ཀྱིས་རང་གི་ཡུལ་བབས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ། 2019ལོའི་ཛམ་བྷ་ལའི་དུས་སྟོན་འཛམ་ཐང་རྫོང་གི་བར་མ་གྲོང་རྡལ་གྱི་ཛམ་བྷ་ལའི་ཐང་ཆེན་དུ་སྤེལ།  འདི་ནི་ཕ་མེས་ཀྱི་སྲོལ་བཟང་རྒྱུན་འཛིན་བྱས་པ་ཞིག་ཏུ་མ་ཟད། ཡུལ་ཕྱོགས་ཀུན་ལ་འབྱོར་ཕྱུག་རྒྱས་ཤིང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། བདེ་སྐྱིད་འབྱུང་བའི་རྟགས་དང་རྟེན་འབྲེལ་བསྒྲིགས་པའང་ཡིན་འདུག 

2.jpg

དེ་ནས་ཛམ་ལྷའི་ཐང་ཆེན་དུ། ཕོ་སར་དག་གིས་ཤུག་པ་ལག་ལ་ཐོགས་ཏེ་བསང་ཕུད་དེ། མི་ལ་ན་ཚ་དང་། ཕྱུག་ལ་གོད་ཁ། ཚེ་ལ་བར་ཆད་སོགས་འབྱུང་བའི་རྐྱེན་ངན་གྱི་རིགས་ཐམས་ཅད་བཟློག་པར་ཡང་ཡང་བསྐུལ།   

3_副本.jpg

རྒྱུས་ལོན་བྱས་པ་ལྟར་ན། ཛམ་བྷ་ལའི་དུས་སྟོན་ཉིན་གསུམ་གྱི་ཡུན་ལ་སྤེལ་བར་བཤད། ཉིན་གསུམ་གྱི་རིང་དུ། མདའ་དར་ཁག་གསོའི་བྱེད་སྒོ་དང་། ཛམ་བྷ་ལའི་རྒྱན་གོས་འགྲེམ་སྟོན་དང་། ཛམ་བྷ་ལའི་ཕོ་སར་དང་མཛེས་མ་དཔྱད་འདེམས། ཐང་ག་བཤམ་སྟོན། ཛམ་བྷ་ལའི་རིག་གནས་བགྲོ་གླེང་། སྤང་ཐང་ཡུལ་བབ་རིག་གནས་མྱོང་རོལ་སོགས་ཀྱི་བྱེད་སྒོ་དང་། ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་འགྲན་སྡུར་དང་འགྲེམ་སྟོན་སོགས་འཛམ་ཐང་མི་དམངས་ཀྱི་བློ་གྲོས་ལས་བྱུང་བའི་ལྟད་མོ་སྣ་ཚོགས་ཡོད་དོ། །     

5.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།